དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་ནང་བསྟན་མཐུན་ཚོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་ཀྱི་ཡིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ།   |     སྤེལ་དུས།  2024-09-07

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་འོག ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལྗོངས་ཡོངས་ཀྱི་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པ་ཐུགས་གྲ་ལེགས་འགྲིག་ངང་འཚོགས་གནང་ཞིང་། ཚོགས་འདུའི་ཐོག་གུས་པ་རང་ཉིད་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཉིས་པའི་ཚོགས་གཙོར་བདམས་བྱུང་། དེ་ནི་གུས་པར་བཅངས་པའི་རེ་བ་ཞིག་ཡིན་ལ། དེ་བས་སྐུལ་ལྕག་དང་སྐུལ་འདེབས་ཤིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་གུས་པར་གསོ་སྐྱོང་ཞིབ་ཚགས་གནང་བ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ། འཐུས་མི་རྣམ་པས་ཡིད་ཆེས་གང་ལེགས་གནང་བ་བཅས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་རིམ་བྱོན་གྱི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས། གུས་པས་པཎ་ཆེན་སྐུ་གོང་མ་མིག་དཔེར་བཟུང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་སྟོང་ཟད་དུ་མི་གཏོང་བ་དང་། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་རེ་སྒུག་ཟབ་མོ་ཆུད་ཟོས་སུ་མི་གཏོང་བར་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་བྱེད་ཀྱི་ཡིན།

    བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད། ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི(ལྗོངས་ཆོས་ལུགས་ཅུད)འགོ་ཁྲིད་ཀྱི་མཛུབ་ཁྲིད། ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཏང་ཙུའི་ཐད་ཀའི་འགོ་ཁྲིད་བཅས་ཀྱི་འོག སྐབས་རིམ་བྱོན་ནང་བསྟན་མཐུན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་གིས་རྨང་གཞི་བཟང་པོ་བཏིང་ཡོད། རྒྱ་ཆེའི་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་གྱིས་འབད་བརྩོན་ལྷོད་མེད་གནང་གི་ཡོད། ང་ཚོས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་ཀྱི་ལས་དོན་དེ་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་འཕེལ་རྒྱས་གསར་པ་ཡོང་བ་དང་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    གཅིག་ནི་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་སྲ་བརྟན་དུ་གཏོང་དགོས། ང་ཚོ་བོད་ཡན་ལག་མཐུན་ཚོགས་ཀྱི་སྐབས་གསར་པའི་འགོ་ཁྲིད་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུ་དེ་གལ་ཆེའི་ནང་གི་དོན་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ལས་འཛིན་དང་། བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ། དགོན་སྡེའི་གྲྭ་བཙུན་བཅས་ཚང་མས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་རྒྱུར་སྐུལ་འདེད་བཏང་ནས། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་དེ་ལྷག་བསམ་རྣམ་དག་དང་རང་རྟོགས་སུ་འགྱུར་བར་བྱས་ནས། བསམ་བློ་དང་བྱ་སྤྱོད་དེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་གི་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོར་དགའ་ཞེན་བྱ་རྒྱུ་དེ་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱ་རྒྱུ་དང་གཅིག་གྱུར་ནུས་ལྡན་བྱེད་པ། ཐོག་མཐའ་བར་གསུམ་དུ་བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་འགྲོ་ཕན་གྱི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་གཏོང་རྒྱུ་དེ་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱ་རྒྱུ་དང་གཅིག་གྱུར་གང་ལེགས་བྱས་ནས། རང་རྟོགས་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་དང་དབྱེ་མཚམས་གསལ་པོ་ཕྱེ་བ་དང་། ཁ་ཕྲལ་ཕྱོགས་གཏོགས་དང་ཁ་ཕྲལ་བྱེད་སྤྱོད་ལ་མདུང་རྩེ་ཁ་སྤྲོད་ཀྱིས་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ། ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་ཐད་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། བྱ་སྤྱོད་བློ་ཐག་ཆོད་པོ་བཅས་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ཐོག ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བར་རམ་འདེགས་བྱེད་དགོས།

    གཉིས་ནི་དུས་རབས་དང་བསྟུན་ནས་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ང་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་འཚམ་མཐུན་ཡོང་བར་བྱེད་པའི་གོང་འཕེལ་གྱི་ལོ་རྒྱུས་ལམ་བུ་དང་། བྱེད་ཐབས་གཙོ་བོ། ཉམས་མྱོང་བཟང་པོ་བཅས་ལ་ཕྱོགས་བསྡོམས་ནན་ཏན་བྱས་ཏེ། ཆོས་ལུགས་རྒྱུན་འཛིན་གྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་བརྩི་སྲུང་ཞུས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ཏེ་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པ་དང་། ནང་སྐྱེས་སྒུལ་ཤུགས་སྐུལ་སློང་བྱེད་པ། མ་ལག་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། གཅིག་གྱུར་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐོག་ནས་རང་རྟོགས་ངང་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ་འགྲོ་བ་ཀུན་ལ་བཏང་སྙོམས་དང་བྱམས་དང་བརྩེ་བས་དགེ་ལས་ཀྱི་འདུ་ཤེས་འཛིན་པ། སྡིག་སྤངས་དགེ་སྒྲུབ་དང་། བཏང་སྙོམས་བཟོད་སྒོམ། དབུལ་སྐྱོར་དཀའ་སེལ་སོགས་དགེ་མཚན་ལྡན་པའི་བསམ་བློ་དར་སྤེལ་བཏང་ཐོག སྤྱི་ཚོགས་ཡར་ཐོན་དང་དུས་རབས་ཀྱི་བླང་བྱ་དང་རང་འགུལ་ངང་བསྟུན་ཐུབ་པ་བྱས་ཏེ། ཆོས་ལུགས་གསུང་རབ་ཀྱི་གསེད་བཀྲོལ་གསར་པ་དང་། བསྟན་དོན་འདུལ་ཁྲིམས་ཀྱི་འཆད་འགྲེལ་གསར་པ། དགོན་སྡེའི་སྡོམ་ཁྲིམས་ཀྱི་གྲུབ་ཚུལ་གསར་པ། གུས་སྲོལ་བྱེད་སྒོའི་ངེས་གནས་གསར་པ་བཅས་ལ་བརྟེན་ནས་རང་འགུལ་ངང་སྒྱུར་བཅོས་ཀྱིས་ཆོས་ལུགས་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་དེ་བས་ལེགས་པ་ཡོང་བར་བྱས་ཏེ་བོད་བརྒྱུད་ནང་བསྟན་དུས་རབས་ཀྱི་གོམ་སྟབས་དང་འཚམ་པ་དང་། དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པ། དུས་རབས་ཀྱི་བླང་བྱ་དང་མཐུན་པ་བཅས་ཡོང་བར་བྱེད་དགོས། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་བོད་བརྒྱུད་ནང་བསྟན་སྐྱོན་བྲལ་ངང་རྒྱུན་འཛིན་བྱེད་པར་སྐུལ་སྤེལ་གཏོང་རྒྱུའི་མཐོ་ཚད་ནས། ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་བའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ནང་སྐྱེས་སྒུལ་ཤུགས་དང་རང་འགུལ་གྱི་སྙིང་སྟོབས་སྐུལ་སྤེལ་ཤུགས་ཆེན་བྱེད་པ། བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་ཆེ་རུ་གཏོང་བ། བྱེད་པོའི་འགན་འཁྲི་དངོས་འབྲེལ་འཁུར་ཐུབ་པར་བྱེད་པ། རང་ངོས་སློབ་གསོ་དང་། རང་ངོས་དོ་དམ། རང་ངོས་གཅུན་འདོམས། རང་ངོས་དྭངས་གཙང་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ཁར། ཕྱོགས་ཡོངས་ནས་ཆོས་ལུགས་ནན་པོས་སྐྱོང་བ་དེ་བསམ་བློ་འཛུགས་སྐྱོང་དང་། ཆོས་སྲོལ་འཛུགས་སྐྱོང་། ལམ་ལུགས་འཛུགས་སྐྱོང་། ཆོས་དོན་བྱེད་སྒོ། ཤེས་ལྡན་པ་གསོ་སྐྱོང་སོགས་ཕྱོགས་གང་ས་ཅི་ཐད་ཀྱི་བརྒྱུད་རིམ་ནང་དོན་འཁྱོལ་བྱེད་དགོས། ཕྱོགས་ཡོངས་ནས་ཆོས་ལུགས་ནན་སྐྱོང་དང་འབྲེལ་བ་དམ་ཟབ་ཡོད་པའི་ཆོས་ལུགས་ཀྱི་གསུང་རབ་དང་བསྟན་དོན་འདུལ་ཁྲིམས་ལ་ཞིབ་འཇུག་དང་འཆད་འགྲེལ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། བསྟན་དོན་གྱི་དགོངས་དོན་ཁྲོད་རང་རྒྱལ་གྱི་རྒྱལ་ཁབ་གནས་ཚུལ་གྱི་ཁྱད་ཆོས་དང་དུས་རབས་ཀྱི་ཁྱད་ཆོས་དང་འཚམ་པ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་མཉམ་འདྲེས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མཚོན་པ་བཅས་ཀྱི་ནང་དོན་སྔོག་འདོན་བྱས་ཏེ། གྲུབ་འབྲས་དེ་དག་དུས་ཐོག་ཏུ་རྒྱུན་གཏན་གྱི་དོ་དམ་དང་། ཆོས་བཤད་འཆད་འགྲེལ། ཆོས་ལུགས་སློབ་སྦྱོང་བྱེད་པ་བཅས་ཀྱི་གལ་ཆེའི་ནང་དོན་དུ་བསྒྱུར་ཐུབ་པ་བྱེད་དགོས།

    གསུམ་ནི་དངོས་སྒྲུབ་འགན་འཁུར་གྱིས་སྣེ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས། ང་ཚོས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཐོག ཆབ་སྲིད་འཛུགས་སྐྱོང་དེ་རང་ངོས་འཛུགས་སྐྱོང་གི་བླ་སྲོག་དང་རྩ་བར་བརྩིས་ནས། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”འབད་འཐབ་དམིགས་ཚད་ལ་དམིགས་པ་དང་། ཆབ་སྲིད་ཀྱི་འགོ་ཁྲིད་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ཁར། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་དང་བསམ་བློ་ཆབ་སྲིད་ལེགས་སྐྱོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་དོན་འཁྱོལ་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། ཆབ་སྲིད་ཐད་བློས་འགེལ་ཆོག་པ་དང་། སྤྱོད་ཚུལ་ཐད་དམངས་གཙོ་ཡིན་པ། ལས་ཀའི་ཐད་ནུས་ཕྱོད་ཆེ་བ་བཅས་ཀྱི་བྱང་ཚད་མཐོ་བའི་འགོ་ཁྲིད་ཚན་ཁག་ཅིག་ཏུ་འགྱུར་རྒྱུར་འབད་བརྩོན་བྱེད་དགོས། སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། བོད་བརྒྱུད་ནང་བསྟན་ཁྱབ་ཁོངས་ཁྲིམས་སྐྱོང་ཅན་དུ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་ནས། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་བ་དང་། འདུལ་ཁྲིམས་ལམ་ལུགས་མ་ལག་སྔར་བས་ཚགས་ཚུད་དུ་གཏོང་བ། ཆོས་ལུགས་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁྲིམས་ལྟར་བཅོས་སྐྱོང་བཅས་བྱས་ཏེ། ལམ་ལུགས་སྤྱད་ནས་མིར་དོ་དམ་དང་། ལམ་ལུགས་གཞིར་བཟུང་ལས་དོན་སྒྲུབ་པ། ལམ་ལུགས་ལ་བརྟེན་ནས་དབང་ཆར་དོ་དམ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཆོས་ལུགས་ནན་སྐྱོང་གི་བླང་བྱ་དེ་རྒྱུན་གཏན་དོ་དམ་གྱི་ཕྱོགས་གང་ས་ཅི་ཐད་ཀྱི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་ཐུབ་པར་བྱེད་དགོས། ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུ་དེ་འཐབ་ཇུས་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས། ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་དུས་ཡུན་རིང་འབྲིང་གི་འཆར་འགོད་ཞིབ་འཇུག་བཟོ་འདོན་བྱས་ཏེ། ཆོས་ལུགས་ཀྱི་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཐོག སྒྲིག་འཛུགས་དང་། འཆར་གཞི། གོ་རིམ་བཅས་ལྡན་པའི་ངང་ནས་བྱང་ཚད་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ལས་ཀར་སྐུལ་འདེད་བཏང་སྟེ། གསུང་རབ་ཀྱི་བསྟན་དོན་བྱང་ཆུབ་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་བྱང་ཆུབ་པའི་རིམ་པ་མཐོ་ལ་བྱང་ཚད་མཐོ་བའི་འཐུས་ཚབ་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས།

    རྒྱུན་ལས་ལས་འཛིན་པ་རྣམ་པ་དང་ཚོགས་གཙོ་སྐུ་གཞོན་རྣམ་པ། འཁྱུག་ཙམ་ནས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ད་དུང་དུས་རབས་གསར་པའི་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ཡན་ལག་མཐུན་ཚོགས་གོང་འཕེལ་གཏོང་རྒྱུའི་ཐད་ཁ་ཕྱོགས་གཏན་འཁེལ་དང་བརྗིད་ཆེའི་དཔེ་རིས་འགོད་གནང་གི་རེད། ང་ཚོས་སློབ་སྦྱོང་ནན་ཏན་དང་། མྱོང་ཚོར་ཟབ་ལེན། ཡར་རྒྱས་བརྩོན་ལེན། གསར་འབྱེད་གསར་གཏོད་བཅས་བྱས་ཏེ། རྒྱ་ཆེའི་བོད་བརྒྱུད་ནང་བསྟན་གྱི་ལས་རིགས་ཁག་གི་མི་སྣ་དང་། དགོན་སྡེའི་གྲྭ་བཙུན། དད་ལྡན་མང་ཚོགས་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་ཡག་པོ་བྱས་ནས། གོམ་པ་རིམ་བགྲོད་ཀྱིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ང་ཚོར་བཀོད་པའི་བརྗིད་ཆེའི་དཔེ་རིས་དེ་མཛེས་སྡུག་ལྡན་པའི་དོན་དངོས་སུ་འགྱུར་བ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།