དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲེན་ཅང་ལྕགས་ལམ་གྱི་མོ་ཏའོ་མོན་ཆུ་སྒོ་བརྒལ་བའི་ཟམ་པ་གཙོ་བོའི་ཟམ་བཀྱག་ཤར་མའི་འཕྲེད་གདུང་འོག་མ་ལུགས་བརྒྱབ་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-07

    ཉེ་ཆར། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཟམ་ཆེན་ཅུས་ཀྱིས་སྐྲུན་འགན་ཁུར་བའི་ཧྲེན་ཅང་ལྕགས་ལམ་གྱི་འགག་རྩའི་རང་བཞིན་གྱི་ལས་གྲྭའི་མོ་ཏའོ་མོན་ཆུ་སྒོ་བརྒལ་བའི་ཟམ་པ་གཙོ་བོའི་ཟམ་བཀྱག་ཤར་མའི་འཕྲེད་གདུང་འོག་མ་ལུགས་བརྒྱབ་ཟིན་པ་རེད། ཟམ་པ་དེ་ནི་ཀྲུང་ཧྲན་དང་ཅང་མོན་གྲོང་ཁྱེར་གཉིས་འབྲེལ་མཚམས་ཀྱི་ཤིས་ཅང་གཙང་པོའི་མོ་ཏའོ་མོན་ཆུ་སྒོ་འཕྲེད་བརྒལ་བྱས་པའི་ཆུ་ལམ་ཞིག་ཡིན་ཞིང་། དེའི་ཟམ་པ་གཙོ་བོ་ནི་མཐོ་ཚད་ལ་སྨི་140ཡོད་པའི་གསེག་འཐེན་ཟམ་པ་ཞིག་ཡིན་པ་དང་རིག་ནུས་མཐོ་ལྕོག་བཟོ་སྐྲུན་འཕྲུལ་འཁོར་སྤྱད་ནས་བསྐྲུན་པ་ཞིག་རེད། འདི་ནི་ཧྲེན་ཅང་ལྕགས་ལམ་གྱི་མོ་ཏའོ་མོན་ཆུ་སྒོ་བརྒལ་བའི་ཟམ་པ་གཙོ་བོའི་ཟམ་བཀྱག་ཤར་མའི(གཡོན་འོག)འཕྲེད་གདུང་འོག་མ་ལུགས་བརྒྱབ་ཟིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།