དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཐོན་ལས་ཀྱི་སྒུལ་ནུས་གསར་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-07

    ཀྲེ་ཅང་ཞིང་ཆེན་ཀྲུའུ་ཅི་གྲོང་ཁྱེར་ཨན་ཧྭ་གྲོང་རྡལ་ནི་ཀྲུའུ་ཅི་གྲོང་ཁྱེར་དང་། དབྱི་ཝུའུ་གྲོང་ཁྱེར། ཕུའུ་ཅང་རྫོང་བཅས་གསུམ་འབྲེལ་མཚམས་སུ་གནས་ཡོད་ལ། ཉེ་བའི་ལོ་ཤས་རིང་། གྲོང་རྡལ་དེས་ས་བབ་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་ཁེ་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་གྲངས་འཛིན་ཁྱིམ་གློག་ཁྱིམ་ཆས་དང་། རྒྱུ་ཆ་གསར་པ། བདེ་ཐང་སྨན་བཅོས་སོགས་སྣ་མང་ཅན་གྱི་ཐོན་ལས་ཚོ་འདུས་བསྐྲུན་པ་རེད། ད་ལོའི་ལོ་སྟོད་དུ། ཨན་ཧྭ་གྲོང་རྡལ་གྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས་82%དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཐོན་རྫས་རིན་ཐང་བསྡོམས་འབོར་དུས་མཚུངས་ལས་22.22% གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་49.11%བཅས་སོ་སོར་འཕར་བ་རེད། འདི་ནི་ལས་མིས་ཨན་ཧྭ་གྲོང་རྡལ་གྱི་ཅན་ལན་རྐང་ཤུབས་ཐོན་སྐྱེད་ཕྱིར་ཚོང་ཚད་ཡོད་ཀུང་སིའི་རིག་ནུས་ཐོན་སྐྱེད་འཁོར་ཁང་དུ་རྐང་ཤུབས་ཀྱི་སྤུས་ཀར་ཞིབ་བཤེར་བྱེད་པའི་གནས་ཚུལ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།