གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཧའེ་ནན་གྱི་རིག་དངོས།
མིག་སྔར། ཧའེ་ནན་ཞིང་ཆེན་ཡུལ་སྐོར་དང་རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ལུས་རྩལ་ཐིང་དང་གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི“ཀྲུང་ཧྭ་ཡི་མཆོག་ནོར། ཧའེ་ནན་གྱི་རིན་ཆེན། གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཧའེ་ནན་རིག་དངོས་ཀྱི་དམིགས་བསལ་འགྲེམས་སྟོན”ཧའེ་ནན་ཞིང་ཆེན་རྟེན་མཛོད་ཁང་དུ་གཉེར་བ་རེད། འགྲེམས་སྟོན་དེའི་ནང་ཁྱོན་རིག་དངོས་ཆ་ཚང་96འགྲེམས་སྟོན་བྱས་པར་ཙན་དན་སེར་པོའི་ཁྱིམ་ཆས་དང་། ཨ་གར་གྱི་སྒྲིག་གཤོམ་ཡོ་བྱད། སྦལ་རྒྱབ་ཀྱི་ཡིག་ཆས་སོགས་ཡོད་པ་རེད། འདི་ནི་ཧའེ་ནན་ཞིང་ཆེན་རྟེན་མཛོད་ཁང་ནས་པར་བླངས་པའི“ཀྲུང་ཧྭ་ཡི་མཆོག་ནོར། ཧའེ་ནན་གྱི་རིན་ཆེན། གནའ་བོའི་ཕོ་བྲང་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཧའེ་ནན་རིག་དངོས་ཀྱི་དམིགས་བསལ་འགྲེམས་སྟོན”ཡིན་པ།