ལེགས་ཆར་བརྟེན་ནས་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་བྱས་པ།
——རང་ལྗོངས་ཀྱིས་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་གྱི་ཟུར་བྲིས།པར①ནི་ལོ་རྒྱུས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱ་ཡུལ་ཡིན་པ།
འདི་ནི་ལོ་རྒྱུས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱ་ཡུལ་ཡིན་པ།
འདི་ནི་ཡུལ་སྐོར་བས་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་གླིང་དུ་ལྟ་སྐོར་བྱེད་བཞིན་པ།
འདི་ནི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་རིང་ཡུལ་སྐོར་བས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཐོན་རྫས་ལ་ལྟ་སྐོར་བྱེད་བཞིན་པ།
འདི་ནི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་རིང་གྲོང་མིས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་བསམ་བཀོད་ཐོན་རྫས་འདེམས་ཉོ་བྱེད་བཞིན་པ།
འདི་ནི་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་གླིང་གི་ཟུར་ཞིག་ཡིན་པ།
ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་ཡུལ་སྐོར་རིག་གནས།
ཉིང་ཁྲི་གྲོང་ཁྱེར་ཀ་ལ་གྲོང་ཚོར་ལོ་རེའི་ཟླ་གསུམ་པ་དང་བཞི་པར་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པས། དེ་ག་ནི་གང་སར་སྐད་གྲགས་ཆོད་པའི་ཁམ་བུའི་མེ་ཏོག་གྲོང་ཚོ་རེད།
ཁམ་བུའི་མེ་ཏོག་རབ་ཏུ་བཞད་པའི་གནས་དེར་2024ལོའི་ཟླ་3ཚེས་31ཉིན་གྱི་དགོང་མོ་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་ཉེར་གཅིག་པ་དངོས་སུ་འགོ་ཚུགས།
སྐབས་འདིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་དེ་ཀོང་པོའི་མཁའ་ཁྲོམ་སྤྱི་གླིང་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། རྫོང(ཆུས)7ལ་ཡན་ལག་ཚོགས་ར་བཙུགས་ནས་ཞིམ་ཟས་ཀྱི་བྲོ་བ་མྱོང་བ་དང་། ཡུལ་སྐོར་པར་རྒྱག དམངས་སྲོལ་ཉམས་ལེན། ཐོན་རྫས་འགྲེམས་ཚོང་། རིག་རྩལ་མཉམ་འཁྲབ། ཁམ་བུའི་མེ་ཏོག་རོལ་དབྱངས་དུས་ཆེན། བརྗོད་དོན་གཙོ་བོའི་པར་རིས་འགྲེམས་སྟོན་སོགས་སྤུས་ལེགས་བྱེད་སྒོ་ཇུས་འགོད་ཞིབ་ཚགས་བྱས་པ་དེ་དག་གི་ནང་དོན་ཕུན་སུམ་ཚོགས་ལ་བཀྲག་མདངས་འཚེར་ས་ཧ་ཅང་མང་པོ་ཡོད་པ་རེད། ཡུལ་སྐོར་བ་གྲངས་ལས་འདས་པ་ལྟ་སྐོར་དང་ཡུལ་སྐོར་དུ་ཡོང་བའི་ཡིད་དབང་བཀུག་པ་དང་དུས་མཚུངས་མཐའ་འཁོར་གྱི་མགྲོན་ཁང་དང་དམངས་སྲོལ་གནས་ཚང་སྔོན་མངགས་བྱེད་ཚད་རིམ་བཞིན་མང་དུ་ཕྱིན་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་མ་ཐེབས་ཡོད།
བསྡོམས་རྩིས་བྱས་པར་གཞིགས་ན། དུས་ཡུན་ཉིན་གསུམ་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་22.92ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་1.27བྱུང་བ་རེད།
ལོ་རྒྱུས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》
2024ལོའི་ཟླ་6ཚེས་21ཉིན་ལོ་རྒྱུས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོའི》2024ལོའི་འཁྲབ་སྟོན་ཐེངས་བརྒྱ་ཐམ་པ་དེ་བསུས་ཤིང་། 2013ལོའི་ཟླ་8ཚེས་1ཉིན་འཁྲབ་སྟོན་བྱེད་འགོ་ཚུགས་པ་ནས་ད་བར་རིམ་རྩིས་བརྒྱབ་ན། འཁྲབ་སྟོན་ཐེངས་2000ལྷག་ཙམ་བྱས་པ་དང་འཁྲབ་སྟོན་དང་ཡུལ་སྐོར་ཚན་པས་རིམ་རྩིས་བྱས་པ་ལྟར་ན། ལྟད་མོ་བ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་3000ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།
དེ་སྔ་ཚེ་མཆོག་གླིང་གྲོང་ཚོ་དང་དེའི་མཐའ་འཁོར་གྲོང་ཚོའི་མང་ཚོགས་རྣམས་ཞིང་འབྲོག་ལས་ལ་བརྟེན་ནས་འཚོ་བ་སྐྱེལ་བ་དང་། ཡོང་འབབ་ཀྱི་ཡོང་ཁུངས་གཞན་གང་ཡང་མེད། འཚོ་བ་ལེགས་སུ་གཏོང་དགོས་ན་ཕ་ཡུལ་དང་བྲལ་ནས་ས་ཆ་གཞན་དུ་གླ་པར་བསྐྱོད་རྒྱུ་ལས་ཐབས་གཞན་མེད། ལོ་རྒྱུས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོའི》རྣམ་གྲངས་སྤེལ་འགོ་ཚུགས་རྗེས། རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཁོར་སྦྲེལ་ཧྲིལ་པོ་བཏོད་པ་བརྒྱུད། མཐའ་འཁོར་དུ་ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་ཆས་མགྱོགས་མྱུར་ཆགས་པ་རེད། མིག་སྔར་ཚེ་མཆོག་གླིང་དུ“ཟ་སྡོད་དང་། འགྲོ་སྐྱོད། ཡུལ་སྐོར། ཉོ་བ། རོལ་རྩེད”བཅས་མཉམ་འགུལ་དམ་ཚགས་ཀྱི་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཁོར་འབྲེལ་བཙུགས་ནས“ཟློས་གར་ཁང་གཉིས་དང་། ཁྲོམ་གཞུང་གཅིག གླིང་གཅིག”བཅས་ཕྱོགས་བཞི་གཞི་གཅིག་ཏུ་འདུས་པའི་རིག་གནས་ཡུལ་སྐོར་ཐོན་ལས་གཅིག་སྡུད་མཉམ་འདྲེས་ཀྱི་འཕེལ་རྒྱས་རྣམ་པ་ཞིག་ཆགས་པ་དང་། རིག་གནས་ཡུལ་སྐོར་ཁེ་ལས་དང་ཞབས་ཞུའི་ལས་རིགས་ཁེ་ལས་བརྒྱ་ཕྲག་ཁ་ཤས་དེ་གར་བཅའ་སྡོད་བྱས་ནས་གཞི་ཁྱོན་སྒོར་དུང་ཕྱུར་100ལྷག་ཙམ་ཟིན་པའི་རིག་གནས་ཡུལ་སྐོར་ཐོན་ལས་གཅིག་སྡུད་ཡོང་བར་སྐུལ་འདེད་བཏང་བས། ཁུལ་དེའི་རིན་ཐང་ཆེ་རུ་ཕྱིན་པ་དང་ས་གནས་དེ་གའི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཆེན་པོ་བྱས་ཡོད།
ལོ་རྒྱུས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོའི》འཁྲབ་སྟོན་པུའུ་ཡི་སྤྱི་ཁྱབ་ལྟ་སྐུལ་མཛུབ་ཁྲིད་པ་ཚེ་རིང་སྐལ་བཟང་གིས“ལོ་རྒྱུས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་སྟོན་བྱས་ནས་ལོ་12འགྲོ་ཡི་ཡོད། རིམ་རྩིས་བརྒྱབ་ན་ཡོང་འབབ་སྒོར་དུང་ཕྱུར་14ཙམ་བྱུང་བ་དང་མི་ཐེངས་ཁྲི་ལྷག་ཙམ་ལས་ཞུགས་ཐུབ་ཡོད། ཡུལ་དེ་གའི་ལོ་18ནས་70བར་གྱི་གྲོང་མི་800ཙམ་ལས་ཞུགས་ཐུབ་ཅིང་། འཁྲབ་སྟོན་པ་95%ནི་ཡུལ་དེ་གའི་ཞིང་འབྲོག་མང་ཚོགས་རེད། ཡུལ་དེ་གའི་མང་ཚོགས་འཁྲབ་སྟོན་པ་རེར་ཟླ་རེར་ཡོང་འབབ་སྒོར་3000ནས་4000བར་ཟིན་གྱི་ཡོད”ཅེས་གསར་འགོད་པར་བཤད།
ཁྱད་ལྡན་རིག་གནས་བསམ་བཀོད་ཐོན་རྫས།
ཉེ་བའི་ལོ་ཤས་རིང་རྟེན་མཛོད་ཁང་ནི་ཡུལ་སྐོར་བའི་ཡུལ་སྐོར་ལམ་ཐིག་ཚ་ཤོས་སུ་གྱུར་པ་དང་རིག་གནས་བསམ་བཀོད་ཐོན་རྫས་ཀྱང་གཞོན་ནུ་ཚོའི་དགའ་པོ་བྱེད་ས་གསར་པར་གྱུར། ཡུལ་སྐོར་བས་རིག་གནས་བསམ་བཀོད་ཐོན་རྫས་ཉོས་ནས་ཕ་ཡུལ་དུ་འཁྱེར་འགྲོ་བ་ནི་རྟེན་མཛོད་ཁང་དུ་རྒྱུན་མཐོང་གི་སྣང་ཚུལ་ཞིག་ལགས། རིག་གནས་བསམ་བཀོད་ཐོན་རྫས་ཚོང་ཁང་ལ་ཡང“རྟེན་མཛོད་ཁང་གི་འགྲེམས་ཁང་མཐའ་མ”ཞེས་འབོད།
མིག་སྔར་བོད་ལྗོངས་རྟེན་མཛོད་ཁང་གིས་གསར་དུ་ཞིབ་འཇུག་གསར་སྤེལ་བྱས་པའི་རིག་གནས་བསམ་བཀོད་ཐོན་རྫས་སྣ་ཁ་106དང་རིག་གནས་བསམ་བཀོད་ཐོན་རྫས་གྲངས་ཁྲི་6ཙམ་ཟིན་པའི་ནང་འཚེམ་དྲུབ་ཐང་ག་དང་། ཅིན་ཐའེ་ལན་བཟོ་རྩལ་ཡོ་བྱད། གསར་རྩོམ་IPམི་སྣ(ཨ་ཁུ་སྟོན་པ་དང་སྙིང་རྗེ་མོ་ལགས)དང་རིག་གནས་བསམ་བཀོད་ཐོན་རྫས་ཆུང་གྲས་སྣ་ཚོཌ(འཚོ་བའི་རིཌ་དང་ཡིག་ཆས་རིཌ)བཅས་ཚུད་ཡོད་པ་རེད།
གཞན་ཡང་ཉེ་བའི་ལོ་ཤས་རིང་བོད་ཀྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པར་མུ་མཐུད་སྐུལ་འདེད་བཏང་ནས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་ཏེ། G318ཡུལ་སྐོར་ལམ་ཆེན་རྩེ་གྲ་དང་། G219གཙང་འགྲམ་ལམ་ཆེན། G349ཡུལ་སྐོར་ལམ་ཐིག་རྩེ་གྲ་བཅས་ཀྱི་སྤུས་རྟགས་བཏོད་ཡོད། “རི་གཅིག་མཚོ་གཉིས”ཀྱི་5Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་འགོ་ཚུགས་པ་དང་། “ཀྲུང་ཧྭའི་ཞིམ་ཟས·བོད་ཀྱི་བྲོ་བའི”ཞིམ་ཟས་ཁྲོམ་གཞུང་གི་སྤུས་རྟགས་བཏོད་ཡོད། “G349·གསར་བརྗེའི་ཡུལ་སྐོར”དང་། “ཆེས་མཛེས་སྡུག་ལྡན་པའི་གནམ་མཚོའི་ཡུལ་སྐོར” “ལྷ་ས་གྲོང་ཁྱེར་སྐོར་བ” “མངོན་མིན་རིག་གནས་ཤུལ་བཞག་ཡུལ་སྐོར” “ཆུ་ཤུར་རྫོང་གི་སྤུས་རྟགས་ཡུལ་སྐོར”སོགས་ལམ་ཐིག་རྩེ་གྲ་ཁྱབ་བསྒྲཌ་བྱས་ཏེ་རྒྱལ་ཆེའི་ཡུལ་སྐོར་བར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་བཤམས་ཡོད། རིག་གནས་ཡུལ་སྐོར་དུས་ཆེན་རེ་རེ་སྤེལ་བ་དང་རིག་གནས་ཡུལ་སྐོར་ལམ་ཐིག་རྩེ་གྲ་རེ་རེ་གསར་སྤེལ་བྱས་པ་ལས་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་གིས་སྤུས་ཚད་མཐོ་བའི་རིག་གནས་མཉམ་འདྲེས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མངོན་ཡོད།