དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གུར་མེ་མཐའ་མཚམས་མངགས་གཏོང་ཁང་གིས།

    “ལས་ཀའི་བྱ་ཐབས་བཞི”སྤྱད་དེ་དབྱར་ཁའི་བདེ་སྲུང་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-06

    དབྱར་ཁའི་བདེ་སྲུང་རྡུང་རྡེག་བཅོས་སྒྲིག་ཆེད་དོན་བྱ་སྤྱོད་སྤེལ་ཚུན། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་གུར་མེ་མཐའ་མཚམས་མངགས་གཏོང་ཁང་གིས“རྡུང་རྡེག་དང་། སྔོན་འགོག དོ་དམ། ཚོད་འཛིན། དྲིལ་བསྒྲགས”བཅས་ཀྱི་འཐབ་ཕྱོགས་ལྔར་གཞིགས་པ་དང་། ཁོངས་གཏོགས་ཁུལ་གྱི་བདེ་འཇགས་དུས་བབ་ལ་དམིགས་ནས། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་མཐའ་འཁྱོངས་དང་ཉེན་རྟོག་པ་ཡོངས་དམག་འཐབ་ལ་ཞུགས་རྒྱུ་མཐའ་འཁྱོངས་ཀྱིས་སྐོར་ཞིབ་སྔོན་འགོག་ཚོད་འཛིན་དང་། བདེ་འཇཌ་ལྟ་འདོམས། འགལ་བ་གྲལ་བཤེར། དྲིལ་བསྒྲཌ་སློབ་གསོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ“དབྱར་དུས་ཀྱི་བྱ་སྤྱོད”གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་བ་རེད།

    གུར་མེ་མཐའ་མཚམས་མངགས་གཏོང་ཁང་གིས་སྐོར་གཡེང་སྔོན་འགོག་ཚོད་འཛིན་ལ་གཞི་ཚུགས་པ་དང་། གཙོ་གནད་ལས་རིགས་གནས་ཡུལ་དང་བདེ་འཇགས་རྙོག་འཛིང་ཆེ་བའི་ས་ཁོངས་ལ་དམ་པོར་དམིགས་པ། སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དཔུང་ཁག་དུས་དང་རྣམ་པ་ཀུན་ཏུ་དོན་ཐུབ་པ་དང་རྒྱལ་ཐུབ་པར་འགན་ལེན་གྱིས་ཁྲོམ་གཞུང་གི“བདེ་འཇགས་དྲ་བ”ཚགས་དམ་དུ་བཏང་ཡོད། བདེ་འཇགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས“རྒྱུན་རྣམ་ཞིབ་བཤེར་+གཅིག་སྡུད་གཙང་བཤེར”གྱི་བྱ་ཐབས་སྤྱད་དེ་ཚན་པ་གནས་ཡུལ་གྱིས་བདེ་འཇགས་དོགས་ཟོན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ་ལས་རིགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཁྱོན་200ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། ཉེན་ཁའི་མངོན་མེད་རྐྱེན་ངན་ཁག་23ལ་དག་ཐེར་བྱེད་དགོས་པའི་སྐུལ་མ་བཏང་བ། ཞིང་ཆེན་ལམ་208དང་དེ་བཞིན་གུར་མེ་ཤང་གི་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ། གློག་འཁོར་དང་སྦག་སྦག་གི་ཁྲིམས་འགལ་བྱེད་སྤྱོད་ཁག་10ལྷག་ཙམ་བཅོས་སྒྲིག་བྱས་པ། དག་ཐེར་ཁས་ལེན་ཡི་གེ་4བཀྲམ་ཡོད། འགལ་ཟླ་གྲལ་བཤེར་ལ་དམ་པོར་དམིགས་ཏེ་གླ་ཆ་འགྱངས་ཆད་དང་། ཁྱིམ་ཚང་གི་འགལ་བ། གཉེན་སྒྲིག་རྩོད་གཞི་སོགས་གཙོ་གནད་ཁྱབ་ཁོངས་ལ་གཞིགས་ནས་འགལ་ཟླ་དང་རྩོད་གཞི་ཐེངས་20ལྷག་ཙམ་ལ་གྲལ་བཤེར་བྱས་པ་དང་འགལ་ཟླ་དང་རྩོད་གཞི་1ཤེས་རྟོགས་དང་ཐག་གཅོད་བྱས་ཡོད། དྲིལ་བསྒྲགས་སློབ་གསོར་དམིགས་ནས་གློག་འཕྲིན་ཁ་བསླུས་སྔོན་འགོག་དང་། ཆུར་མ་དིམ་སྔོན་འགོག ཁྲིམས་འགལ་གྱི་མ་དངུལ་བསྡུ་སྒྲིལ། བཅའ་ཁྲིམས་ཁྲིམས་སྲོལ་སོགས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་བསྒྲགས་ཐེངས་8བྱས་པར་མང་ཚོགས་མི་ཐེངས་1000ལྷག་ཙམ་ལ་སློབ་གསོ་ཐེབས་པ་དང་། ཡུལ་མིའི་ཚོགས་ཆེན་དང་སྨྱན་སྦྱོར་གསར་པ་སོགས་ཀྱི་ལས་སྟེགས་སྤྱད་དེ་ཉེན་ཁའི་གནས་ཚུལ་བརྡ་ཁྱབ་དང་ལས་ཀའི་གནས་ཚུལ་སོགས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ“དབྱར་དུས་ཀྱི་བྱ་སྤྱོད”དྲིལ་བསྒྲགས་འཕྲིན་སྤེལ་བྱས་ནས་དབྱར་དུས་ཀྱི་བྱ་སྤྱོད་ལ་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་པར་འགན་ལེན་བྱས་པ་རེད། (པ་ཚེས་བསྒྱུར)

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།