དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་སྤུན་གསུམ་གྲོང་ཚོས་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བར་ཤུགས་སྣོན་རྒྱག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-06

    ཉེ་བའི་ལོ་ཤས་རིང་། སྤུན་གསུམ་གྲོང་ཚོས“གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་ཡི་བཅོས་སྒྲིག”ལ་བརྟེན་ནས། ཏང་འཛུགས་སྐྱོང་གིས་ཁྲིད་སྟོན་བྱས་ཏེ་ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པ་གསར་པ་ཞིག་བཏོད་ཡོད་པ་རེད།

    སྤུན་གསུམ་གྲོང་ཚོས་གསར་གཏོད་རྣམ་པའི་ཐོག་ནས་དྲ་མིག་ཅན་གྱི་དོ་དམ་བྱ་ཐབས་ལག་ལེན་བསྟར་ཏེ“གྲོང་ཚོས་ཚོགས་ཆུང་ལ་དོ་དམ་དང་། ཚོགས་ཆུང་གིས་དུད་ཚང་ལ་དོ་དམ། དུད་ཚང་གིས་ནང་མིར་དོ་དམ་བཅས་བྱེད་པའི”འགན་འཁྲིའི་མ་ལག་བཙུགས་ནས། ཁོར་ཡུག་བཅོས་སྒྲིག་ལ་ཁུག་ཆ་མི་ལུས་པ་དང་འགན་འཁྲི་མི་ཐོག་ཏུ་འཁྱོལ་བར་འགན་ལེན་བྱས་ཡོད། རིམ་རྩིས་བརྒྱབ་ན། ཁོར་ཡུག་གནད་དོན་ཁག་500ཡན་བཅོས་སྒྲིག་བྱས་ཏེ། གྲོང་ཚོའི་རྣམ་པ་གསར་རྐྱང་དུ་གྱུར་ནས་ཅ་དངོས་གང་བྱུང་དུ་སྤུངས་པ་དང་འཇོག་པའི་སྣང་ཚུལ་ཉུང་དུ་ཤུགས་ཆེན་སོང་བ་མ་ཟད། ཞིབ་ཚགས་ཅན་གྱི་དོ་དམ་ཕན་ནུས་ཀྱང་ཐོན་ཡོད་པ་རེད།

    མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་རིང་། སྤུན་གསུམ་གྲོང་ཚོས་བྱ་ཐབས་སྣ་མང་སྤྱད་དེ་སྒྲིག་འགལ་གྱི་སྐྲུན་དངོས་བཤིག་པ་དང་། དུད་ཚང་གི་གསང་སྤྱོད་ལ་སྒྱུར་བཀོད་བྱེད་པ། རྨང་གཞིའི་སྒྲིག་བཀོད་ལེགས་སུ་གཏོང་བ། མི་ཕྱུགས་ལོགས་དབྱེར་སྐུལ་འདེད་གཏོང་བ་བཅས་བྱས་ཤིང་། འཆར་གཞི་ལྟར་ན། ད་ལོར་གྲོང་ཚོ་ཡོངས་ཀྱི་ཕྱོགས་བསྡུས་བ་ཚང་བསྐྲུན་ཏེ་མིའི་འཚོ་སྡོད་ཁོར་ཡུག་ལ་རྦད་དེ་ལེགས་བཅོས་གཏོང་རྒྱུ་ཡིན་པ་རེད།

    དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ལ་བརྟེན་ནས་སྤུན་གསུམ་གྲོང་ཚོས་ཁོར་ཡུག་སྲུང་སྐྱོང་དྲིལ་བསྒྲགས་རྒྱ་ཁྱབ་བྱས་ཤིང་མིག་སྔའི་བར་བྱེད་སྒོ་ཐེངས་20ལྷག་ཙམ་སྤེལ་བར་མི་ཐེངས་ཆིག་སྟོང་ལྷག་ཙམ་ལ་ཕན་པ་བཏགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།