དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་རྫ་འབི་ཤང་གིས་འབད་འབུངས་མདུན་སྐྱོད་ཀྱིས་གྲོང་གསེབ་དར་རྒྱས་ཡོང་བར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-06

    འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ་དང་། ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་རྫ་འབི་ཤང་གི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་ནས་དུས་རབས་གསར་པར་མདུན་སྐྱོད་བྱེད་པའི་སྙིང་སྟོབས་དང་ཉམས་འགྱུར་མངོན་པར་བྱེད་པ། ལྷ་རི་རྫོང་རྫ་འབི་ཤང་གི་སྐབས་གསུམ་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོའི་གྲུབ་འབྲས་འགྲེམས་སྟོན་གང་ལེགས་བཅས་བྱ་ཆེད། ཉེ་ཆར། ལྷ་རི་རྫོང་རྫ་འབི་ཤང་གི་སྐབས་གསུམ་པའི“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་གྲུབ་འབྲས་འགྲེམས་སྟོན་ས་གནས་དེ་གའི་རྟ་རྒྱུག་ཐང་དུ་གཉེར་བ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་ངོ་མཚར་ཆེ་བའི་གླུ་གར་འཁྲབ་སྟོན་ཕུད། རྟ་རྩལ་འགྲན་བསྡུར་དང་། ཐག་འཐེན། རྡོ་འགྱོགས་སོགས་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་འགྲན་བསྡུར་བྱས་པར་མང་ཚོགས་ལྟ་མཁན་ཤིན་ཏུ་མང་པོ་བྱུང་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་དམངས་ཚོགས་ཀྱིས་སྤྲོ་བ་ཆེན་པོས་འགྲན་བསྡུར་ནང་ཞུགས་ལ་རང་ཉིད་ཀྱི་རྩལ་ནུས་ཡོད་རྒུ་བཏོན་ཡོད།

    ཉེ་བའི་ལོ་གཉིས་རིང་། ནག་ཆུ་གྲོང་ཁྱེར་གྱིས“གྲོང་གསེབ་དར་རྒྱས། ནག་ཆུ་མདུན་སྐྱོད”ཅེས་པའི་བྱེད་སྒོ་མུ་མཐུད་སྤེལ་ཞིང་། རིག་རྩལ་རིག་གནས་རིགས་དང་། སྐད་ཡིག་རིགས། ལག་ལེན་རིགས། ཐོན་སྐྱེད་རྩལ་ནུས་རིགས། དེ་བཞིན་ཞིབ་ཕྲའི་འགྲན་བསྡུར་གྱི་ནང་དོན་བཅས་གཞི་རྟེན་དུ་བྱས་ནས་འབྲེལ་ཡོད་བྱེད་སྒོ་དང་འགྲན་བསྡུར་ཧུར་ཐག་བྱས་པར་མང་ཚོགས་མི་ཐེངས་ཁྲི་360ལྷག་ཙམ་ཞུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།