ཕྱི་འབྲེལ་པུས་བརྗོད་དོན།
ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་ཀྱིས་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་གྱི་ལེའུ་གསར་པ་མུ་མཐུད་བརྩམ་རྒྱུ་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཚེས་2ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས། མི་ཆོས་རིག་གནས་སྤེལ་རེས་བྱེད་པ་ནི་དུས་རབས་གསར་པའི་ཀྲུང་ཧྥེའི་མཉམ་ལས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པས་འཚོག་ཉེར་ཡོད་པའི་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་དབུ་ཚོགས་ཐོག་མི་ཆོས་རིག་གནས་སྤེལ་རེས་ཀྱི་འབྲེལ་ཐག་སྔར་བས་དམ་དུ་བཏང་ནས་མི་དམངས་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་གྱི་ལེའུ་གསར་པ་མུ་མཐུད་བརྩམ་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད།