དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”སྣ་མང་ཕུན་སུམ་ཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-05

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། སློབ་དུས་གསར་པ་འགོ་ཚུགས་པ་དང་བསྟུན་ནས་མཚོ་སྔོན་གྱི་ཡུལ་ལུང་སོ་སོའི་སློབ་གྲྭ་ཁག་གིས་སློབ་འགོ་ཚུགས་པའི་མཛད་སྒོ་གཟབ་རྒྱས་འཚོགས་ནས་སློབ་དུས་གསར་པ་བསུས་པ་མ་ཟད། སྣ་མང་ཕུན་སུམ་ཚོགས་པའི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོས”སློབ་གྲོགས་ཚོར་སློབ་དུས་གསར་པ་དང་དམིགས་ཚད་གསར་པའི་ཕྱོགས་སུ་བསྐྱོད་པར་ལྕག་སྐུལ་ཡང་བྱས་པ་རེད།

    ཞིང་ཆེན་སློབ་གསོ་ཐིང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། 2024ལོའི་སྟོན་ཀའི་སློབ་དུས་འགོ་ཚུགས་པའི་གཟའ་འཁོར་གཅིག་ནང་ཞིང་ཆེན་ཡོངས་ཀྱི་ཡུལ་ལུང་སོ་སོའི་སློབ་གྲྭ་ཁག་གིས“མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས”བཅས་བརྗོད་དོན་གཙོ་བོར་བྱེད་པའི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”བྱེད་སྒོ་སྤེལ་ནས་རྒྱ་ཆེའི་དགེ་སློབ་ཚོར་ཡིད་ཆེས་བརྟན་པོ་དང་ཞུམ་མེད་མདུན་སྐྱོད་ཀྱིས་དུས་རབས་གསར་པའི་འགན་འཁྲི་འཁུར་རྒྱུ་དེ་ལས་སྒྲུབ་ལས་གཏོད་ཀྱི་བྱ་སྤྱོད་དངོས་སུ་རང་རྟོགས་ངང་བསྒྱུར་ནས“མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས”བཅས་ཀྱི་ལག་ལེན་པ་ཧུར་ཐག་བྱ་རྒྱུར་ལྕག་སྐུལ་བྱས་པ་རེད།

    མཚོ་སྔོན་སློབ་ཆེན་ཤེས་རབ་ཐོག་བརྩེགས་ཁང་ཆེན་གྱི་རིག་གཞུང་སྙན་ཞུ་ཚོམས་ཆེན་དུ“མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་ཡོང་བ་བཅས་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་ཐུབ་པའི་མཚོ་སྔོན་སློབ་ཆེན་པ་ཧུར་ཐག་བྱེད” “‘མདེལ་གཉིས་སྐར་གཅིག’གི་སྙིང་སྟོབས་དར་སྤེལ་བཏང་ནས་ཚན་རྩལ་རང་ཚུགས་རང་དར་ཡོང་བར་བྱས་ཏེ་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་པའི་ཉིང་རྡུལ་ཚན་རིག་མཁས་ཅན”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི“སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”བརྩེ་སེམས་ཟབ་མོའི་ངང་ཁྲིད་འགོ་ཚུགས་པ་རེད།

    མཚོ་སྔོན་དགེ་འོས་སློབ་ཆེན་དུ“རྒྱལ་གཅེས་དང་། མཚོ་སྔོན་ལ་དགའ་ཞེན། སློབ་གྲྭར་དགའ་ཞེན”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་སློབ་མ་གསར་པའི་སློབ་ཞུགས་སློབ་གསོའི་བྱེད་སྒོ་ངོ་མཚར་ལྡན་པ་དང་། སློབ་གྲྭའི་སློབ་མའི་ཚོགས་པ་དང་འབྲེལ་ཡོད་ཚོགས་པས་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་ཧུར་ཐག་སྤེལ་བ། “མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས”བཅས་ཀྱི་སློབ་གྲྭའི་རིག་གནས་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་བ། “མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས”དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་བརྗོད་དོན་གཙོ་བོའི་འཛིན་ཚོགས་འཚོགས་པ་བཅས་བྱས་ཡོད།

    མཚོ་སྔོན་གྱི་ཡུལ་ལུང་སོ་སོའི་སློབ་གྲྭ་ཁག་གིས“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”བྱེད་སྒོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཏུ་བརྩིས་ནས། ཡར་བརྩོན་གྱི་འདུ་ཤེས་དང་། གོ་སྐབས་ཀྱི་འདུ་ཤེས། འགན་འཁྲིའི་འདུ་ཤེས་བཅས་ཟབ་ཏུ་བཏང་སྟེ་སྒྱུར་བཅོས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་བ་དང་། སྐུལ་འདེད་པ། ལག་ལེན་པ་བཅས་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོས་བསམ་མྱོང་རྟོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་ཧུར་ཐག་བྱས་ཏེ། གོ་རྟོགས་ཆེན་པོ་དང་། གནས་སྟངས་ཆེན་པོ། བརྩེ་སེམས་ཆེན་པོ་བཅས་ལ་བརྟེན་ནས་མཚོ་སྔོན་ཤེས་རྟོགས་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས་བཅས་ཡོང་བར་གཞོལ་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་ཧུར་ཐག་རྩོམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་རེད།

    མཚོ་སྔོན་གྱི་ཡུལ་ལུང་སོ་སོའི་སློབ་གྲྭ་ཁག་གིས་དོན་དངོས་ཀྱི་གནས་ཚུལ་དང་སློབ་མའི་ཁྱད་ཆོས་ལ་གཞིགས་ནས་ཇུས་འགོད་ཞིབ་ཚགས་ཀྱིས་ལག་བསྟར་ཇུས་གཞི་བཟོས་ཤིང་། ཟླ་9ཚེས་1ཉིན། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི《སློབ་འགོ་ཚུགས་པའི་སློབ་ཚན་དང་པོ》ཞེས་པའི་ཆེད་དོན་བརྙན་འཕྲིན་ལེ་ཚན་བལྟས་པ་དང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་བརྗོད་དོན་གཙོ་བོའི་འཛིན་ཚོགས་བྱེད་སྒོ་སྤེལ་བ། བསམ་བློ་ཆབ་སྲིད་སློབ་ཚན་གྱི་དམིགས་བསལ་གདན་ཞུའི་དགེ་རྒན་ཆེ་མོ་བ་སོགས་སློབ་གྲྭར་གདན་འདྲེན་ཞུས་ནས་བརྗོད་དོན་གཙོ་བོའི་འཆད་ཁྲིད་བྱེད་པ། སློབ་མ་སྒྲིག་འཛུགས་བྱས་ནས་གསར་བརྗེའི་རིག་གནས་ཁང་དུ་ལྟ་སྐོར་སོགས་བྱས་ཏེ“སློབ་འགོ་ཚུགས་པའི་སློབ་ཚན་དང་པོའི”བྱེད་སྒོའི་རྣམ་པ་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ་བཅས་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།