དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་ཚོཊ་འདུ་སྐབས་ཉེར་གཉིས་པ་རྔ་པ་ཀྲོའུ་འབར་ཁམས་གྲོང་ཁྱེར་དུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-05

    འདི་ནི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་ཚོཊ་འདུ་སྐབས་ཉེར་གཉིས་པ་ཚོགས་ཡུལ་ཡིན་པ།

    ཟླ་9ཚེས་3ཉིན་གྱི་སྔ་དྲོ། རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་གཙོ་འགན་འཁུར་བ་དང་། འབར་ཁམས་གྲོང་ཨུད་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་། རྔ་པ་ཀྲོའུ་གསར་འགྱུར་སྨྱན་སྦྱོར་ལྟེ་གནས་ཀྱིས་སྒྲུབ་འགན་འཁུར་བའི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་གཉིས་པ་དང“རྔ་པར་མཇལ་འཛོམས། རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ”ཞེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་ཆེ་གྲས་སི་ཁྲོན་ཞིང་ཆེན་རྔ་པ་ཀྲོའུ་འབར་ཁམས་གྲོང་ཁྱེར་དུ་འཚོགས་པ་རེད།

    པེ་ཅིང་དང་། བོད་ལྗོངས། ཀན་སུའུ། སི་ཁྲོན། མཚོ་སྔོན། ཡུན་ནན་སོགས་ཀྱི་བོད་ཡིག་ཚགས་པར་ཁང་དང་དུས་དེབ་ཁང་། རླུང་འཕྲིན་དང་བརྙན་འཕྲིན་ལས་ཁུངས། གསར་འགྱུར་དྲ་ཚུགས། སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་སོགས་སྨྱན་སྦྱོར་ཚན་པ་33ཡི་འཐུས་མི་79ཚོགས་འདུར་ཞུགས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཚོགས་འདུར་ཡིག་སྒྱུར་དང་། རླུང་འཕྲིན་བརྙན་འཕྲིན། སྨྱན་སྦྱོར་གསར་པའི་ཕུལ་བྱུང་བརྩམས་ཆོས་474འབྱོར་ཞིང་། ཚོགས་འདུའི་རིང་། ཚོགས་ཞུགས་འཐུས་མི་ཚོས་བརྩམས་ཆོས་ཁག་ལ་དཔྱད་འདེམས་དང་། ཐ་སྙད་གསར་པ་བཀས་བཅད་དང་གཏན་འབེབས་བྱ་རྒྱུ་ཡིན་པ་དང་། དེ་མིན“རྔ་པར་མཇལ་འཛོམས། རིན་ཆེན་གཏེར་མཛོད་ཀྱི་གནས་མཆོག་འབར་ཁམས་འཚོལ་བ”ཞེས་པའི་གསར་འགྱུར་བཅར་འདྲིའི་བྱེད་སྒོ་ཆེ་གྲས་སྤེལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།