དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མངོན་མིན་རིག་གནས་ཤུལ་བཞག་མྱོང་རོལ་ལས་མཛེས་སྡུག་ལྡན་པའི་མཚོ་སྔོན་ཚོར་བར་བྱེད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-05

    ཉེ་ཆར། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་ཉམས་ལེན་ཁང་མཚོ་སྔོན་རྣམ་གྲངས་ཀྱི་ཡུལ་ཤུལ་གྱི་རེས་སྐོར་འགྲེམས་སྟོན་སྐབས་གསུམ་པ་པེ་ཅིང་གྲོང་ཁྱེར་སོག་བོད་སློབ་གྲྭའི་གནས་ཡུལ་རྙིང་པར(ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་ཉམས་ལེན་ཁང)གཉེར་འགོ་ཚུགས་ཤིང་། དུས་ཡུན་ཉིན་བཅུ་ཡི་རེས་སྐོར་འགྲེམས་སྟོན་བྱེད་རིང་། རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བས“རི་རྒྱལ་ལྷུན་པོ་དང་ཆུ་འགོ མཛེས་སྡུག་ལྡན་པའི་མཚོ་སྔོན། གཙང་ཆུའི་ཆུ་འགོའི་ཡུལ་ཤུལ”བཅས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱེད་ཐུབ། ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ཡུལ་ཤུལ་གྱི་རེས་སྐོར་འགྲེམས་སྟོན་ཐོག་འཛོམ་ཉག་ཐང་ག་དང་། སྲོལ་རྒྱུན་རྒྱན་གོས། ལག་བཟོས་བོད་གྲི ལ་གཞས། གཞས་བྲོ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་སུམ་ཅུ་ལྷག་ཙམ་འགྲེམས་སྟོན་བྱས་ཡོད། འདི་ནི་འཁྲབ་སྟོན་པ་ཚོས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡུལ་ཤུལ་གྱི་གཞས་བྲོ《ས་མཐོའི་འཁྲུག་གཞས》འཁྲབ་བཞིན་པ།


    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།