དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གཙང་གསུམ་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་ཉམས་གསོའི་རྟེན་གཞི་བཙུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-05

    གཙོ་གནད་སྐྱེ་ཁམས་ཁུལ་ཁོངས་ཀྱི་ཁྲིམས་འཛིན་སྲུང་སྐྱོང་གཞི་གཅིག་ཅན་ལ་སྔར་བས་སྐུལ་འདེད་གཏོང་བ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཁྲིམས་འཛིན་སྲུང་སྐྱོང་གཏིང་ཟབ་བྱ་ཆེད། ཉེ་ཆར། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་ཉམས་གསོའི་རྟེན་གཞི་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་བཙུགས་པ་རེད།

    གཙང་གསུམ་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་ཉམས་གསོའི་རྟེན་གཞི་ནི་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ཅང་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་བསྐྲུན་པ་དང་། འབྲི་ཆུའི་སྟོད་རྒྱུད་དུ་གནས་ཤིང་། སྐྱེ་ཁམས་ཁྲིམས་འཛིན་སྲུང་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་ཉམས་གསོ། ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ། ཁོར་ཡུག་ཁྲིམས་འཛིན་ཞིབ་འཇུག་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་ཡོད་པ་དང་། དེས་འབྲི་ཆུའི་ཁོར་ཡུག་ཐོན་ཁུངས་ཀྱི་ཉེས་དོན་གྱོད་གཞི་དང་ཁོར་ཡུག་ཐོན་ཁུངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི་སོགས་ལ་ཚབ་བྱེད་རང་བཞིན་གྱི་ཉམས་གསོ་བྱ་ཡུལ་དང་རྣམ་གྲངས་མཁོ་འདོན་བྱས་ནས་ཁོར་ཡུག་ལ་གནོད་འཚེ་ཕོག་པར་སྐྱིན་ཚབ་སྤྲོད་པའི་མ་དངུལ་བེད་སྤྱོད་ཀྱི་ཕན་ནུས་ཆེ་རུ་བཏང་སྟེ་གནོད་འཚེ་ཕོག་པའི་ཁོར་ཡུག་ཉམས་གསོ་ཏན་ཏིག་བྱ་རྒྱུར་འགན་ལེན་བྱས་ཏེ་འབྲི་ཆུའི་སྐྱེ་ཁམས་ཀྱི་གདོད་མའི་རང་བཞིན་དང་ཆ་ཚང་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།