དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་གྱི་མཐུན་སྦྱོར་སྐུལ་སྤེལ་ཚོགས་འདུ་ཉིང་ཁྲིར་འཚོགས་པ།

    ཧན་ལི་ཕིང་གིས་གསུང་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-09-05

    ཚེས་3ཉིན། རྒྱལ་ཡོངས་མཁོ་ཚོང་མཉམ་ལས་ཁང་ཁོངས་གཏོགས་ཀྱི་ཁ་གཏད་བོད་སྐྱོར་གྱི་མཐུན་སྦྱོར་སྐུལ་སྤེལ་ཚོགས་འདུ་ཉིང་ཁྲིར་འཚོགས་ཤིང་། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གི་ཏང་ཙུའི་ཧྲུའུ་ཅི་དང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཧན་ལི་ཕིང་གིས་གསུང་བཤད་གནང་བ་དང་། ཀྲུང་ཧྭ་རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཀྲང་མེ་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་པས་ཤིས་ཚིག་བསྒྲོན་པ་རེད།

    ཚོགས་འདུའི་ཐོག་བསྟན་དོན། དུས་ཡུན་རིང་པོའི་ནང་། རྒྱལ་ཡོངས་མཁོ་ཚོང་མཉམ་ལས་སྤྱི་ཁྱབ་ཁང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། ཁོངས་གཏོགས་ཡོངས་སྐུལ་སློང་གིས་བོད་སྐྱོར་ལས་དོན་ཕྱོགས་ཡོངས་ནས་སྤེལ་ཏེ། བོད་ཀྱི་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རོགས་སྐྱོར་བྱེད་མཁན་ཕྱོགས་ཀྱིས་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། དུས་བབ་གསར་པའི་ཁ་གཏད་བོད་སྐྱོར་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་བྱེད་ཐབས་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། རོགས་སྐྱོར་དང་ལེན་མཁན་ཕྱོགས་ཀྱིས་བོད་སྐྱོར་གྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྒྱུར་བཅོས་རམ་འདེགས་སུ་བྱེད་རྒྱུ་མཐའ་འཁྱོངས་དང་། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱ་རྒྱུ་དམིགས་ཡུལ་དུ་འཛིན་ནས། བོད་ཀྱི་མཁོ་ཚོང་མཉམ་ལས་ཁང་གི་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།

    རང་སྐྱོང་ལྗོངས་མཁོ་ཚོང་ཁང་གི“ས་མཐོའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང”གི་ཐོན་ཚོང་སྦྲེལ་མཐུད་བྱེད་སྒོ་མཉམ་དུ་སྤེལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།