དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཧྲའན་ཤིས་ཀྱི་བརྩེ་སེམས་ཟབ། མངའ་རིས་ལ་ཕན་བདེ་བསྐྲུན།

    ཧྲའན་ཤིས་ཀྱིས་མངའ་རིས་ལ་ཁ་གཏད་རོགས་སྐྱོར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-04

    ལོ་30ཡི་རིང་། ཧྲའན་ཤིས་ཞིང་ཆེན་གྱིས་སྔ་རྗེས་སུ་བོད་སྐྱོར་དུས་ཡུན་ལོ་གསུམ་ཡིན་པའི་ཁག་ཐེངས་10ཡི་ལས་བྱེད་པ་368དང་། ཁག་ཐེངས་9ཡི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ཤེས་ལྡན་པ་243 རིམ་གསུམ་སྨན་ཁང་གི་ཁ་གཏད་རོགས་སྐྱོར་སྨན་བཅོས་ཤེས་ལྡན་པ་290 ཁག་ཐེངས་3གྱི“ཚོགས་སྒྲིག་རྣམ་པའི”སློབ་གསོའི་བོད་སྐྱོར་ཤེས་ལྡན་པ་61 ཁག་ཐེངས་11གི་དུས་ཐུང་བོད་སྐྱོར་ལས་བྱེད་པ་292བཅས་བོད་ལ་འདེམས་གཏོང་བྱས་ཡོད། ཤེས་ལྡན་ལས་བྱེད་པའི་བོད་སྐྱོར་ཁག་རེ་རེས་བོད་དུ་རྩ་བ་ཚུགས་པ་དང་མཐའ་མཚམས་ཁྱིམ་གཞིས་སུ་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཐད་ཀྱི་རྣམ་གྲངས་300ལྷག་ཙམ་ལག་བསྟར་བྱས་པ་དང་། རིམ་རྩིས་བརྒྱབ་ན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་22.8ཙམ་བཏང་སྟེ། མངའ་རིས་ས་ཁུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཧྲའན་ཤིས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བ་རེད།

    དཔལ་འབྱོར་ཐད་ནས་བོད་སྐྱོར་ཤུགས་ཆེན་བྱས་པ།

    ལོ་30ཡི་རིང་། ཧྲའན་ཤིས་ཞིང་ཆེན་གྱིས་བོད་སྐྱོར་རྣམ་གྲངས་དང་མ་དངུལ་བརྩོན་ལེན་དང་དོན་འཁྱོལ་ཧུར་ཐག་བྱས་པ་དང་། “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་དག་གི་བརྩེ་སེམས་ཟབ་མོ་མངའ་རིས་མི་རིགས་ཁག་གི་མང་ཚོགས་ཀྱི་སེམས་སུ་ཏན་ཏིག་ཟུག་པར་བྱས་ནས། མངའ་རིས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། མངའ་རིས་ཀྱི་ཧྲའན་ཤིས་ཚོད་ལྟའི་སློབ་གྲྭ་དང་། སྒར་རྫོང་དང་སྤུ་ཧྲེང་རྫོང་གི་སྐྱེ་ཁམས་ཞིང་ལས་ཐོན་ལས་གླིང་། སྒར་རྫོང་དགུན་ས་ཤང་གི་ཞིང་འབྲོག་ཚན་རྩལ་ཐོན་ལས་གླིང་། བདེ་མཆོག་གྲོང་ཚོ་དང་། གླང་དམར་གྲོང་ཚོ། སོག་སྟོད་གྲོང་ཚོ་སོགས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ། སྤུ་ཧྲེང་རྫོང་གི་ཞིང་འབྲོག་ཁུལ་གྱི་འདུས་སྡོད་སྡེ་ཁུལ། སྒར་རྫོང་གཙོ་ཚོ་ཤང་གི་གཞུང་ལམ་རྒྱུད་ཀྱི་སྒྲིག་བཀོད་རིམ་སྤོར་ལས་གྲྭ། སྤུ་ཧྲེང་རྫོང་ཞི་བདེ་གྲོང་ཚོའི་རྩམ་པ་ལས་སྣོན་བཟོ་གྲྭ་སོགས་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་གཙོ་གནད་དུ་ལག་བསྟར་བྱས་ཏེ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

    སློབ་གསོའི་ཐད་ནས་བོད་སྐྱོར་གང་ལེགས་བྱས་པ།

    ཧྲའན་ཤིས་ཞིང་ཆེན་སློབ་གསོའི་ཁོངས་གཏོགས་ཀྱིས་བོད་སྐྱོར་ལས་དོན་སྤེལ་ཚུན། རོགས་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་རོགས་སྐྱོར་བསམ་ཕྱོགས་དང་བྱེད་སྟངས་གསར་གཏོད་བྱས་ཤིང་། ཧྲའན་ཤིས་དང་བོད་ལྗོངས་ཀྱི་མི་རིགས་མང་པོའི་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། མངའ་རིས་ས་ཁུལ་གྱི་སློབ་གཉེར་ཆུ་ཚད་དང་སློབ་གསོའི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་བ་རེད།

    2023ལོའི་ལོ་མཇུག་བར། ཧྲའན་ཤིས་ཞིང་ཆེན་གྱིས་རིམ་རྩིས་བརྒྱབ་ན་བོད་ལྗོངས་འཛིན་གྲྭའི་དམའ་འབྲིང་དང་མཐོ་འབྲིང་གི་སློབ་མ་3900ལྷག་ཙམ་དང་། མངའ་རིས་ས་ཁུལ་གྱི་འབྲིང་རིམ་ལས་རིགས་ཀྱི་སློབ་མ་280ལྷག་ཙམ། ཧྲའན་ཤིས་སུ་སློབ་གྲྭ་འགྲིམ་བཞིན་པའི་ཐེམ་ཁུངས་བོད་ནས་ཡིན་པའི་སློབ་ཆེན་སློབ་མ་4739བཅས་གསོ་སྐྱོང་བྱས་ཤིང་། ཧྲའན་ཤིས་ཀྱི་སློབ་གྲྭ་མང་པོ་དང་མངའ་རིས་ས་ཁུལ་གྱི་འབྲེལ་ཡོད་སློབ་གྲྭའི་དབར“མཛའ་མཐུན་སློབ་གྲྭའི”འབྲེལ་བ་བཙུགས་ཏེ་ཕྱོགས་གཉིས་སྤེལ་རེས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་བྱས་པས། མངའ་རིས་ས་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོའི་སློབ་གསོར་བློ་ཡིད་ཚིམ་ཚད་དང་སྐྱིད་སྣང་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་རེད།

    སྨན་བཅོས་ཐད་ནས་བོད་སྐྱོར་ཤུགས་ཆེན་བྱས་པ།

    བོད་སྐྱོར་ལས་དོན་སྤེལ་ནས་ལོ་30སོང་རིང་། ཧྲའན་ཤིས་ཞིང་ཆེན་གྱིས་མ་དངུལ་འབོར་ཆེན་བཏང་ནས་མངའ་རིས་ས་ཁུལ་གྱི་སྨན་བཅོས་ཞབས་ཞུའི་རྨང་གཞིའི་སྒྲིག་བཀོད་དང་ཁོར་ཡུག་ལེགས་གཏོང་ཐད་སྤྱད་དེ། སྔ་རྗེས་སུ་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་འགོ་ནད་སྨན་ཁང་དང་། 120མྱུར་སྐྱོབ་ལྟེ་གནས། ཕྱི་ནད་ཚན་ཁག་གི་ཕྱོཌ་བསྡུས་ཐོག་བརྩེཌ་ཁང་ཆེན། ས་ཁུལ་གྱི་ལྟེ་བའི་ཁྲག་ཉར་ས་ཚིགས། གསོ་རླུང་ས་ཚིགས། མཐོ་གནོན་གསོ་རླུང་ཚང་སོགས་བསྐྲུན་ཞིང་། གཤཌ་བཅོས་ཁང་མང་པོར་རིམ་སྤོར་དང་སྒྱུར་བཀོད་བྱས་པ་དང་། ཉེན་ཆེ་དང་ཚབས་ཆེའི་ནད་ཕོག་པའི་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་སོགས་ལྟེ་གནས་ཆེན་པོ་ལྔ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད།

    དེ་དང་ཆབས་ཅིག་སྔ་རྗེས་སུ་ཁག་ཐེངས་9ཡི“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ཤེས་ལྡན་པ་243དང་རིམ་གསུམ་སྨན་ཁང་གི་ཁ་གཏད་རོཌ་སྐྱོར་གྱི་སྨན་བཅོས་ཤེས་ལྡན་པ་290འདེམས་གཏོང་གིས་མངའ་རིས་ས་ཁུལ་གྱི་སྨན་ཁང་8ལ་རོགས་སྐྱོར་བྱས་པ་དང་། མངའ་རིས་ས་ཁུལ་མི་དམངས་སྨན་ཁང་དུ་སྙིང་ཁམས་ཁྲག་རྩའི་ནད་དང་། དབང་རྩའི་ཕྱི་ནད། བུད་མེད་བུ་བཙའ། བྱིས་ནད་ཚན་ཁག་སོགས་གཙོ་གནད་ཚན་ཁག་གཏོད་རྒྱུར་སྐུལ་འདེད་བཏང་བ་རེད།

    མཐའ་སྲུང་མཐའ་བརྟན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ།

    མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྟེ། བདེ་མཆོག་གྲོང་ཚོ་ནི་2012ལོའི་ཟླ་10པར་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུཌ་པ་དང་ཁྱོན་མ་དངུལ་སྒོར་ཁྲི་4842.94བཏང་ཡོད། དེའི་ཁྲོད་ཧྲའན་ཤིས་ཞིང་ཆེན་གྱི་ལྷན་སྦྱར་བོད་སྐྱོར་མ་དངུལ་སྒོར་ཁྲི་2060ཡོད་ཅིང་། ཞིང་འབྲོག་མང་ཚོགས་དུད་ཚང་47དང་མི་166ལ་ཕན་ཐོགས་བྱུང་བ་རེད། མངའ་རིས་ས་ཁུལ་གྱི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་གྱི་དཔེ་མཚོན་གྲོང་ཚོ་སྟེ། བདེ་མཆོག་གྲོང་ཚོར་སྔ་རྗེས་སུ“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ”དང“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པ་ཁག་བརྒྱད་པའི”གཟི་བརྗིད་མཚན་སྙན་རག་པ་རེད།

    བདེ་མཆོག་གྲོང་ཚོ་ཕུད། ཧྲའན་ཤིས་ཞིང་ཆེན་གྱིས་ད་དུང་ལྷན་སྦྱར་མ་དངུལ་སྒོར་ཁྲི་3000དང་སྒོར་ཁྲི་4000བཏང་ནས་ སོག་སྟོད་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་དང་སེང་གེ་ཁ་འབབ་གྲོང་རྡལ་ཁམས་བདེ་ཁུལ་གསར་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོའི་བཀོད་སྒྲིག་ས་ཚིགས་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་པ་རེད། དེའི་ཁྲོད་ནས་སེང་གེ་ཁ་འབབ་གྲོང་རྡལ་ཁམས་བདེ་ཁུལ་གསར་གྱི་རྣམ་གྲངས་དུས་ཐེངས་གཉིས་ལ་དབྱེ་ནས་བསྐྲུན་པ་དང་ས་ཆའི་སྤྱིའི་རྒྱ་ཁྱོན་མུའུ་490ལྷག་ཟིན་པ་རེད། རྣམ་གྲངས་བསྐྲུན་རྗེས། གྲོང་གསེབ་ཕྱུག་པོ་ཆགས་དཀའ་བ་དང་འཕེལ་རྒྱས་གཏོང་དཀའ་བའི་གནད་དོན་རྩ་བའི་ཆ་ནས་སེལ་ཐུབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།