དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷུན་རྩེ་རྫོང་གིས“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-04

    ཉེ་ཆར“བསམ་པའི་དཔལ་ཡོན་གྱི་མེ་ཏོག་རབ་ཏུ་བཞད། དུས་རབས་གསར་པའི་རོལ་དབྱངས་སྙན་མོ་དཀྲོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷུན་རྩེ་རྫོང་གི་རིག་གནས་ཚན་རྩལ་འཕྲོད་བསྟེན་གྱི“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་བྱེད་སྒོ་ལྷུན་རྩེ་གྲོང་རྡལ་ཐང་སྟོང་གྲོང་ཚོར་སྤེལ་བ་རེད།

    བྱེད་སྒོའི་ནང་གཞི་རིམ་གྱི་སྒྲོག་འགྲེལ་པ་མི་འགྱུར་རྡོ་རྗེས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ་དང“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”བཅས་ལ་དམིགས་ནས་སྒྲོག་འགྲེལ་བྱས་ཏེ། གསོན་ཉམས་དོད་པའི་གྱོད་དཔེ་དྲངས་པ་དང་། གཏམ་རྒྱུད་བཤད་ནས་གཞི་རིམ་མང་ཚོགས་ལ་མི་རིགས་མཐུན་སྒྲིལ་ལག་ལེན་བསྟར་མཁན་དང་། སྐུལ་འདེད་གཏོང་མཁན། སྲུང་སྐྱོང་བྱེད་མཁན་བཅས་ཡག་པོ་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་པ་རེད། རྫོང་སྒྱུ་རྩལ་ཚོགས་པའི་འགོ་ཚུགས་ཞབས་བྲོ《མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ》དང་། འཁྲབ་གཞས《ཏང་གི་ཚོགས་ཆེན་ཉི་ཤུ་པར་བསྟོད་གླུ་འབུལ》 ཁེར་གཞས《མཐའ་མཚམས་བུ་ཕྲུག་གི་སེམས་པ་ཏང་ལ་ཕྱོགས》སོགས་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་འཁྲབ་སྟོན་བྱས་ནས་ལྷུན་རྩེའི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་དང་ཁྱད་འཕགས་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་པས། ལྟད་མོ་བའི་དགའ་བསུ་ཡང་ཡང་ཐོབ་པ་རེད།

    བྱེད་སྒོ་སྤེལ་ཡུལ་དུ་རྫོང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་དང་བླངས་ཞབས་ཞུའི་ཡན་ལག་རུ་ཁག་ཁག་གིས་དྲིལ་བསྒྲགས་སྦྱར་ཡིག་འགེལ་བ་དང་། དྲིལ་བསྒྲགས་བརྡ་སྦྱོར་སྦྱོར་བ། དྲིལ་བསྒྲགས་འགྲེམས་པང་སྒྲིག་པ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ། རིན་མེད་ངང་སྨན་རྫས་སྤྲོད་པ། ས་གནས་ས་ཐོག་ཏུ་བློ་འདྲི་དང་ལེན་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་བདེ་ཐང་སྨན་བཅོས་དང་། བཅའ་ཁྲིམས་བློ་འདྲི། ཚན་རིག་ཁྱབ་སྤེལ་སློབ་གསོ། བདེ་འཇགས་ཐོན་སྐྱེད། ཞིང་ལས་ལག་རྩལ་ཤེས་བྱ། འགྲིམ་འགྲུལ་ཁྲིད་སྟོན་སོགས་ཀྱི་ཞབས་འདེགས་ཞུས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།