དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སི་ཁྲོན་དང་མཚོ་སྔོན་བར་གྱི་ལྕགས་ལམ་གསེར་མཚོ་དང་གཟི་ཚ་སྡེ་དགུ་རུ་དངོས་སུ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།   ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-04

    ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་8ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་30ཉིན་གྱི་ཆུ་ཚོད་10དང་སྐར་མ་36ལ། གསར་དུ་བསྐྲུན་པའི་སི་ཁྲོན་ཁྲེང་ཏུའུ་ནས་མཚོ་སྔོན་ཟི་ལིང་བར་གྱི་ལྕགས་ལམ་ཀྲེན་ཅང་ཀོན་ནས་སྤས་བཟང་གྲོང་ཚོ་བར་གྱི་དུམ་བུ་ཤར་གཏོང་ཐུབ་ཏེ། ཁྲེང་ཏུའུ་ཤར་ཚུགས་ནས་སྤས་བཟང་གི་གཟི་ཚ་སྡེ་དགུའི་བབས་ཚུགས་བར་གྱི་འགྲུལ་བཞུད་མགྱོགས་ཤོས་ཆུ་ཚོད་1དང་སྐར་མ་39ལ་འབྱོར་གྱི་ཡོད་པ་རེད། དེས་ན། འཛམ་གླིང་རང་བྱུང་ཤུལ་བཞག་གསེར་མཚོ་དང་གཟི་ཚ་སྡེ་དགུ་དང་དེ་བཞིན་སི་ཁྲོན་ནུབ་བྱང་ས་མཐོའི་དབུས་ཁུལ་དུ་གནས་པའི་ཟུང་ཆུའི་སྤང་ཐང་བཅས་རང་རྒྱལ་གྱི་ཤུགས་འགྲེམས་མེ་འཁོར་གྱི་ལྕགས་ལམ་ལམ་དྲ་དང་དངོས་སུ་སྦྲེལ་མཐུད་ཐུབ་པ་རེད།

    ཇུས་འགོད་ཚན་པ་སྟེ་ཀྲུང་གོ་ལྕགས་ལམ་ཁང་གཉིས་པའི་ཁྲོན་མཚོ་ལྕགས་ལམ་གྱི་སྤྱི་ཁྱབ་ཇུས་འགོད་འགན་འཁུར་བ་མུའུ་ཡ་ལིན་གྱིས་ངོ་སྤྲོད་བྱས་པར། ཁྲོན་མཚོ་ལྕགས་ལམ་ནི་རང་རྒྱལ་གྱི“གཞུང་བརྒྱད་འཕྲེད་བརྒྱད”ཤུགས་འགྲེམས་མེ་འཁོར་ལམ་དྲའི་ལན་ཀྲོའུ་དང་། ཟི་ལིང་ནས་ཀོང་ཀྲོའུ་བར་གྱི་བགྲོད་ལམ་གྱི་འགག་རྩའི་ཆ་ཤས་ཤིག་རེད། སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་ནས་འགོ་ཚུགས་ནས་ཏེ་དབྱང་གྲོང་ཁྱེར་དང་། མན་དབྱང་གྲོང་ཁྱེར། རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཅས་བརྒྱུད་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དང་། མཚོ་ཤར་གྲོང་ཁྱེར། ཟི་ལིང་གྲོང་ཁྱེར་བཅས་བརྒྱུད་ཟི་ལིང་བབས་ཚུགས་དང་འབྲེལ་ཡོད། ལམ་ཐིག་གཙོ་བོའི་རིང་ཚད་ལ་སྤྱི་ལེ་836ཙམ་ཡོད་པ་དང་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་200གཏོང་ཆོག་པ་དེ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ལམ་ཐིག་ཉིས་ལྡན་ལྕགས་ལམ་ཞིག་རེད། ལམ་ཐིག་ཡོངས་དུམ་བུར་བགོས་ནས་བསྐྲུན་པ་དང་། མིག་སྔར་ཁྲེང་ཏུའུ་ཤར་ནས་ཀྲེན་ཅང་ཀོན་བར་གྱི་དུམ་བུ་དང་མཚོ་ཤར་ནུབ་ནས་ཟི་ལིང་བར་གྱི་དུམ་བུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་། ཀྲེན་ཅང་ཀོན་ནས་སྤས་བཟང་གྲོང་ཚོ་བར་གྱི་དུམ་བུ་ཤར་གཏོང་ཐུབ་སྟེ་སྤས་བཟང་གྲོང་ཚོ་ནས་མཚོ་ཤར་ནུབ་བར་གྱི་དུམ་བུ་སྐྲུན་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།