མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆར་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་རམ་འདེགས་བྱེད་པ།
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་མུ་མཐུད་འཐུས་ཚང་དང་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་གཏན་འཁེལ་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་གོ་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ནི་ཀྲུང་གོའི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་འདེགས་སྐྱོར་བྱེད་པའི་གཞི་རྩའི་ཆབ་སྲིད་ལམ་ལུགས་ཤིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལ་དམིགས་ཏེ། ཁྲིམས་འཛུགས་དང་། ལྟ་སྐུལ། འཐུས་མི་སོགས་ལས་དོན་ཁག་ཇུས་འགོད་དང་སྐུལ་འདེད་བཏང་བ་དང་མི་དམངས་འཐུས་མི་ཚོགས་ཆེན་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ལ་རམ་འདེགས་བྱས་ཡོད།
“རང་སྐྱོང་ལྗོངས་ཀྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་གོ་ཆོད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་133ཡོད་པ་དང་ཆུས་བཙུགས་པའི་གྲོང་ཁྱེར་གྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་གོ་ཆོད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་72ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགན་འཁྲི་སྒྲུབ་པ་ནས་བཟུང་། རང་སྐྱོང་ལྗོངས་རིམ་པ་འདི་གའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་11བཟོས་པ་དང་བཟོ་བཅོས་བརྒྱབ་པ་དང་ཆུས་བཙུགས་པའི་གྲོང་ཁྱེར་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཁག་21ལ་ཆོག་མཆན་སྤྲད་པས། ཁྲིམས་འཛུགས་ཀྱི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་ནུས་ལྡན་ཕྱིན་པ་དང‘འཛུགས་གཏོད་བཞིའི’ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཡོད”ཅེས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་ཞིབ་འཇུག་ཁང་གི་ཀྲུའུ་རེན་མཱ་ཝུའེ་མིང་གིས་ངོ་སྤྲོད་གནང་། ཁོང་གིས་ཁྲིམས་སྐྱོང་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་ལེན་གལ་ཆེན་ཞིག་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཁྲིམས་འཛུགས་ཀྱི་ཐབས་ཇུས་དང་སྒྱུར་བཅོས་ཀྱི་ཐབས་ཇུས་ཕན་ཚུན་འབྲེལ་མཐུད་མཐའ་འཁྱོངས་བྱེད་པ། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཟོ་བཅོས་དོར་གསུམ་སྤྱི་འདོམས་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ། ཁྲིམས་སྐྱོང་གིས་སྒྱུར་བཅོས་ལ་ཁྲིད་སྟོན་དང་། སྐུལ་འདེད། ཚད་ལྡན་དུ་གཏོང་བ། འགན་ལེན་བཅས་བྱེད་པའི་ནུས་པ་ཧུར་ཐག་འདོན་རྒྱུ་རེད་ཅེས་བརྗོད།
མཱ་ཝུའེ་མིང་གིས་བརྗོད་དོན། རང་སྐྱོང་ལྗོངས་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྟེ་བར་དམིགས་པ་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། གཙོ་གནད་མངོན་གསལ་དོད་པ་བཅས་བྱེད་པ་དང་ཕན་ནུས་ཆེ་བའི་བཅོས་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤུས་ཚད་མཐོ་བའི་འཚོ་བ། ཆུ་ཚད་མཐོ་བའི་སྲུང་སྐྱོང་བཅས་ལ་དམིགས་ཏེ་ལྟ་སྐུལ་སྣ་ཚོགས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་དང་མངོན་འགྱུར་ཡོང་བའི་འགན་ལེན་བྱ་ཆེད། ཆེད་དོན་ལས་དོན་སྙན་ཞུ་16དང་། ཁྲིམས་སྒྱུར་ཞིབ་བཤེར་སྙན་ཞུ་8 ཆེད་དོན་བརྟག་ཞིབ་སྙན་ཞུ་8 རྗེས་སྙེག་ཞིབ་བཤེར་སྙན་ཞུ་2བཅས་ཉན་པ་དང་གྲོས་ཞིབ་བྱས་པ་དང་། ཆེད་དོན་འདྲི་རྩད་ཐེངས་2བྱས་པ་དང་འབྲེལ་བློ་ཡིད་ཚིམ་ཚད་ལ་ཚད་ལེན་ཚོད་ལྟ་དང་དཔྱད་བསྡུར་གཏན་འབེབས་ཀྱང་བྱས་པ་རེད། “རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཡང་དག་པའི་ལྟ་སྐུལ་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་ལྟར་ལྟ་སྐུལ་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཁྲིམས་གཏན་འཁེལ་བའི་ལྟ་སྐུལ་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་ལྟ་སྐུལ་ལ་རྒྱབ་སྐྱོར་བྱས་ནས། ལྟ་སྐུལ་གྱི་འགྱུར་མེད་རང་བཞིན་དང་ཕན་འབྲས་ཆེ་རུ་བཏང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་གཙོ་གནད་བྱེད་ཐབས་དོན་འཁྱོལ་ལ་སྐུལ་འདེད་གཏོང་གི་ཡིན”
འཐུས་མིའི་བྱེད་པོའི་ནུས་པ་འདོན་པའི་ཐད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་དང་ལག་ལེན་དང་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་མི་དམངས་དམངས་གཙོ་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྒྲིག་འཛུགས་ཧུར་ཐག་བྱས་ནས་ཆེད་དོན་བརྟག་ཞིབ་དང་། ཁྲིམས་སྒྱུར་ཞིབ་བཤེར། ཁྲིམས་འཛུགས་བསམ་འཆར་བསྡུ་ལེན་བཅས་ལ་ཞུགས་ཏེ་འཐུས་མིའི་སློབ་སྦྱོང་དང་གསོ་སྦྱོང་གི་ལས་དོན་ཏན་ཏིག་བསྒྲུབས་ཡོད། སྔ་རྗེས་སུ་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་2གཉེར་བ་དང་། 《དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འགན་འཁྲི་སྒྲུབ་པའི་ལག་དེབ》ཁྲི་7ལྷག་ཙམ་རྩོམ་སྒྲིག་པར་འདེབས་བྱས་ནས་འཐུས་མིར་སློབ་སྦྱོང་དང་བེད་སྤྱོད་ལ་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག འཐུས་མིའི་གྲོས་གཞི་དང་གྲོས་འགོ་སྒྲུབ་གཉེར་གྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང“འབྲེལ་བ་གཉིས”རྒྱ་སྐྱེད་གཏིང་ཟབ་གཏོང་བ། འཐུས་མིའི་འགན་སྒྲུབ་ལས་སྟེགས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ། འཐུས་མིའི་ལས་དོན་གྱི་དམིགས་སའི་རང་བཞིན་དང་། གནད་འཁེལ་རང་བཞིན། ནུས་ལྡན་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད།
“ད་ཆ་ལྗོངས་ཡོངས་སུ‘མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས’772དང་འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་བྱེད་སྒོ་ཁང་2627བསྐྲུན་ནས་ཕྱོགས་ཡོངས་ལ་ཁྱབ་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ལས་དོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲི་4ལྷག་ཙམ་གྱི་ནུས་པ་གང་ལེགས་བཏོན་ཏེ། འཐུས་མི་རྣམས་ཏང་དང་སྲིད་གཞུང་གིས་མི་དམངས་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཟམ་དང་སྦྲེལ་ཐག་ཏུ་འགྱུར་བར་བྱས་ནས་དམངས་ཀྱི་བློ་གྲོས་གཅིག་སྡུད་དང་། དམངས་ཀྱི་འདོད་འདུན་མཚོན་པ། དམངས་ཀྱི་སྟོབས་ཤུགས་གཅིག་སྡུད་བཅས་དེ་བས་ལེགས་པར་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་ཆེད་ཆེས་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས”ཞེས་མཱ་ཝུའེ་མིང་གིས་བརྗོད།
ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་མཐའ་འཁྱོངས་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། རང་འགན་གཙང་སྒྲུབ་དང་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ཏེ་རང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་འབུལ་དགོས།