དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གི་གཞོན་ནུ་བརྒྱ་ལྷག་ཙམ་དབྱི་ཁྲང་དུ“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིར་ལས་ཞུགས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-03

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་གིས་2024ལོའི“ཚོགས་སྒྲིག་རྣམ་པའི”ལྗོངས་ཕྱིར་ལས་ཞུགས་ཐུབ་པའི་ཁག་ཐེངས་གཉིས་པའི་མིར་དགའ་སྐྱེལ་ཞུ་བའི་མཛད་སྒོ་འཚོགས་པ་དང་གཞོན་ནུ་40ཧུའུ་པེ་ཞིང་ཆེན་དབྱི་ཁྲང་གྲོང་ཁྱེར་ཏང་དབྱང་གྲོང་ཁྱེར་དང་ཏེན་ཅུན་ཆུས་སུ་ལས་ཞུགས་ཐུབ་ཡོད་པ་རེད།

    དགའ་སྐྱེལ་ཞུ་ཡུལ་གྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པ་དང་གཞོན་ནུ་ཚོས་འབྱུང་འགྱུར་ལ་ཕུགས་རེ་འཆང་བཞིན་དུ་རྡོག་ཐོན་བྱས། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་གསུམ་རིང་དབྱི་ཁྲང་གྲོང་ཁྱེར་གྱིས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་གཞོན་ནུ་166བསྡུས་པའི་ནང་བྱ་གཞག་ཚན་པར་མི་5དང་དམངས་གཉེར་ཁེ་ལས་ལ་མི་161བསྡུས་ཤིང་། ཁོང་ཚོའི་ཆ་སྙོམས་ལོ་ཚད་23ཡིན་པ་དང་ཆེད་ཚན་སློབ་གྲྭ་ཆེ་མོ་ཡན་གྱི་སློབ་རྒྱུས་ལྡན་པའི་མི་87%ཟིན་ཡོད་པ་རེད། འདི་ལོ་ཚུན་དུ་རྒྱ་ཚ་རྫོང་གིས་དབྱི་ཁྲང་གྲོང་ཁྱེར་དུ་གཞོན་ནུ་108ལས་ཞུགས་བྱེད་པར་བཏང་ཡོད།

    རྒྱ་ཚ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མཐོ་སློབ་སློབ་ཐོན་སློབ་མ་དང་གཞོན་ནུའི་ལས་ཞུགས་གནད་དོན་ལ་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ནས་དེ་ཉིད་དམངས་འཚོའི་དོན་ཆེན་དུ་བརྩིས་ཏེ་སྲིད་ཇུས་དང་ཞབས་ཞུའི་བྱ་ཐབས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་སྔོན་ལ་ལས་ཞུགས་དང་དེ་རྗེས་ལས་འདེམས་ཀྱི་ཁོར་ཡུག་བཟང་པོ་བཏོད་ཡོད། དེ་དང་ཆབས་ཅིག་དབྱི་ཁྲང་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ནས་ལས་གནས་རྒྱ་སྐྱེད་དང་བརྟན་དུ་ཧུར་ཐག་བཏང་སྟེ་འདི་ལོ་འདོད་མོས་ཡོད་པའི་ལྷོ་ཁའི་གཞོན་ནུ་ཁག་གསུམ་ལ་བགོས་ནས་ཧུའུ་པེ་དབྱི་ཁྲང་དུ་ལས་ཞུགས་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།