རྒྱུན་འཛིན་དང་གསར་གཏོད་བྱས་ནས་མཚོ་སྔོན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་འཕེལ་རྒྱས་མྱུར་ལམ་དུ་སླེབས་པར་རམ་འདེགས་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ལས་དོན་མཉམ་འབྲེལ་ཚོགས་འདུ་དང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ལས་དོན་འཕེལ་རྒྱས་གཏོང་རྒྱུ་དེ་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་གལ་ཆེན་དུ་བརྩིས་ནས་དམ་འཛིན་མཐའ་འཁྱོངས་བྱས་ཐོག་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བར་དམིགས་ནས་ཚན་རྩལ་གསར་གཏོད་ཀྱི་ཁྲིད་སྟོན་འདེགས་སྐྱོར་ནུས་པ་འདོན་སྤེལ་དང་། ཕྱོགས་བསྡུས་སྒྱུར་བཅོས་ཟབ་གཏོང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྐྱེ་ཁམས་འབྱུང་འཕྲོད་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་མཉམ་སྤྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་འཕེལ་རྒྱས་དང་རྒྱུན་འཛིན་གསར་གཏོད་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མཚོ་སྔོན་གྱི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་འཕེལ་རྒྱས་མྱུར་ལམ་དུ་སླེབས་པར་རམ་འདེགས་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་ཡོད། ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ཁུངས་ཀྱི་ཐུན་མོང་མ་ཡིན་པའི་ལེགས་ཆར་བརྟེན་པའི་ཁར། ཚན་རྩལ་གསར་གཏོད་ཀྱི་ནུས་སྐྱེད་དང་ཐོན་ལས་ཚོ་འདུས་སྟོབས་ཆེར་གཏོང་བའི་བྱ་སྤྱོད་སྤེལ་ནས། མི་རིགས་ཀྱི་ཁྱད་ལྡན་སྨན་རྫས་གསར་གཏོད་ཀྱི་སྨན་རྫས་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ལེགས་ཆའི་མི་རིགས་སྨན་རྫས་ཀྱི་སྣ་ཁ་གསར་སྤེལ་བྱེད་ཐེངས་གཉིས་པར་སྐུལ་འདེད་བཏང་བ་རེད། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་རིག་གནས་ཡུལ་སྐོར་དང་། བདེ་སྲུང་ཐོན་རྫས། ལུམས་བཅོས་ཐོན་རྫས། ཟས་བཅོས་ཐོན་རྫས། ཕན་ནུས་རང་བཞིན་གྱི་བྱུག་རྫས་སོགས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལུས་གསོའི་ཐོན་རྫས་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་ནས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་ཐོན་ལས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་རེད། མིག་སྔར། ཞིང་ཆེན་དེ་ཡོངས་སུ་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱབ་རྒྱ་ཆེ་བའི་ཞབས་ཞུའི་དྲ་རྒྱ་བཙུགས་ནས“ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་ཁང་གཙོ་བོ་བྱེད་པ་དང་། ཕྱོགས་བསྡུས་སྨན་ཁང་སོགས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཚན་ཁག་གཞན་དག་གིས་རྐང་འཛིན་བྱེད་པ། གཞི་རིམ་སྨན་བཅོས་སྒྲིག་གཞིས་རྨང་གཞི་བྱེད་པ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྒོ་བསྟེན་སྨན་ཁང་དང་སྨན་བཅོས་ཁང་གིས་ཁ་གསབ་བྱེད་པ”བཅས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་མ་ཟད། ཞིང་ཆེན་དེ་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་ཀྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཞབས་ཞུ་ལོངས་སུ་སྤྱོད་པའི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་ཀྱང་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།
དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཚན་རྩལ་གསར་གཏོད་མ་ལག་མགྱོགས་མྱུར་བཙུགས་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཐོག་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལས་དོན་ནང་ཧུར་ཐག་ཞུགས་ནས“ས་མཐོའི་ཀྲུང་ལུགས་གསོ་རིག”དང“ས་མཐོའི་བོད་ལུགས་གསོ་རིག”གི་སྤུས་རྟགས་གཏོད་རྒྱུ་ཡིན་པ་སྟེ། ཚད་ལྡན་ཅན་དང་ཚན་རྩལ་གསར་གཏོད་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མཚོ་སྔོན་གྱི་དོན་དངོས་དང་མཐུན་པའི“ཆེད་ཞིབ་ཁྱད་གསར”རྣམ་པའི་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ། ད་ཡོད་ཀྱི་གྲངས་འཛིན་ལས་སྟེགས་ལ་བརྟེན་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་གནའ་གཞུང་གྲངས་འཛིན་དཔེ་མཛོད་ཁང་འཛུགས་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གནའ་གཞུང་གི་མི་ཐབས་རིག་ནུས་ལག་རྩལ་ཉེར་སྤྱོད་ལས་སྟེགས་དང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཤེས་བྱའི་ཞབས་ཞུའི་མ་ལག་བཙུགས་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གནའ་གཞུང་གི་གྲངས་འཛིན་ཅན་གྱི་ཞབས་ཞུའི་ཉེར་སྤྱོད་ཐོན་རྫས་གཏོད་རྒྱུ། ཕྱོགས་བསྡུས་སྨན་ཁང་དུ“ལམ་སྲོལ་ཡོད་པ་དང་། ཚོགས་པ་ཡོད་པ། བྱེད་ཐབས་ཡོད་པ། ཕན་འབྲས་ཐོན་པ”བཅས་ཀྱི་ཀྲུང་ལུགས་དང་བོད་ལུགས་ཕྱི་ལུགས་གསུམ་ཟུང་འབྲེལ་གྱི་སྨན་བཅོས་བྱེད་སྟངས་ཁྱབ་གདལ་བཏང་ནས། ཀྲུང་ལུགས་དང་བོད་ལུགས་གསོ་རིག་དེ་རིག་ཚན་མང་པོའི་མཉམ་འདུས་ནད་དཔྱད་མ་ལག་ནང་འཇུག་རྒྱུ། ཀྲུང་ལུགས་དང་བོད་ལུགས་སྨན་རྩྭའི་སྐྱེ་ཁམས་འདེབས་འཛུགས་དང་། རི་སྐྱེས་གསོ་སྐྱོང་། རི་སྐྱེས་འདྲ་གསོ་བཅས་ཁྱབ་གདལ་བཏང་ནས་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་དང་ཀྲུང་ལུགས་དང་བོད་ལུགས་གསོ་རིག་བྱ་གཞག་ལྗང་མདོག་མཐུན་སྦྱོར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ། ས་གནས་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ལུས་གསོ་དང་། བདེ་སྲུང་དང་ཡུལ་སྐོར། སྤྲོ་གསེང་། ཚོང་དོན་བཅས་གཞི་གཅིག་ཏུ་འདུས་པའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་ཡུལ་སྐོར་ཕྱོགས་བསྡུས་ཞབས་ཞུ་བྱེད་སྟངས་འཚོལ་ཞིབ་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཐོན་ལས་ཀྱི་རིམ་པ་མཐོ་རུ་དང་ཕན་འབྲས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།