ཀྲུང་གོ་བཟོ་སྐྲུན་འགྲེམས་ཚོགས་སྐབས་22པ་ཧྲེན་དབྱང་དུ་འགོ་ཚུགས་པ།
ཟླ་9ཚེས་1ཉིན་ཀྲུང་གོ་རྒྱལ་སྤྱིའི་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འགྲེམས་ཚོགས(ཀྲུང་གོ་བཟོ་སྐྲུན་འགྲེམས་ཚོགས་ཞེས་བསྡུ་རྒྱུ)སྐབས་22པ་ཧྲེན་དབྱང་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་སྤེལ་བ་རེད། སྐབས་འདིའི་ཀྲུང་གོ་བཟོ་སྐྲུན་འགྲེམས་ཚོགས་ཀྱིས“རིག་ནུས་ཅན་གྱི་སྒྲིག་ཆས་གསར་པ། ཐོན་སྐྱེད་ནུས་ཤུགས་གསར་མ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ཀུན་སྤྱོད་སྒྲིག་ཆས་དང་། རྒྱུ་ཆ་གསར་པ། རྩེར་སོན་སྒྲིག་ཆས། རིག་ནུས་འཕྲུལ་མི་སོགས་ཁྱད་ལྡན་འགྲེམས་རྫས་གཙོ་གནད་ཐོག་བཏོན་ཡོད། བྱེད་སྒོ་དེ་ཟླ་9ཚེས་4ཉིན་བར་སྤེལ་རྒྱུ་རེད།
འདི་ནི་འགྲེམས་སྟོན་ལ་ལྟ་མཁན་གྱིས་ཧྲེན་དབྱང་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་སུ་ལྟ་སྐོར་བྱེད་བཞིན་པ།