དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《རྒྱལ་ཁབ་བདེ་འཇགས་སློབ་གསོའི་སློབ་ཆེན་སློབ་མའི་ཀློག་དེབ》དཔེ་སྐྲུན་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-09-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་སློབ་དེབ་ཐོག་འགོད་པ་དང་། སློབ་ཚན་འཁྲིད་པ། མི་སེམས་སུ་འཇགས་པ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་ཆེད། སློབ་གསོ་པུའུ་དང་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་འཛུགས་དང་རྩོམ་སྒྲིག་བྱས་པའི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་གཏོད་ལས་གྲྭའི་གཙོ་གནད་བསླབ་གཞི《རྒྱལ་ཁབ་བདེ་འཇགས་སློབ་གསོའི་སློབ་ཆེན་སློབ་མའི་ཀློག་དེབ》(གཤམ་དུ《ཀློག་དེབ》ཞེས་བསྡུ་རྒྱུ)མཐོ་རིམ་སློབ་གསོའི་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པ་རེད།

    2014ལོའི་ཟླ་4ཚེས་15ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོའི་ཐོག གསར་གཏོད་རང་བཞིན་གྱི་སྒོ་ནས་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བཏོན་གནང་བ་རེད། ལོ་10ཡི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མར་ཁེ་སི་རིང་ལུགས་ཀྱི་རྒྱལ་ཁབ་བདེ་འཇགས་སྐོར་གྱི་རིགས་པའི་གཞུང་ལུགས་དེ་དེང་རབས་ཀྲུང་གོའི་རྒྱལ་ཁབ་བདེ་འཇགས་ཀྱི་ལག་ལེན་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་འཐབ་ཇུས་རིག་གནས་དང་ཟུང་འབྲེལ་བྱས་ནས་དུས་རབས་གསར་པའི་རྒྱལ་ཁབ་བདེ་འཇགས་ཀྱི་ལག་ལེན་ཁྲོད་རིགས་པའི་གཞུང་ལུགས་གསར་གཏོད་བྱེད་རྒྱུ་ཟམ་མི་ཆད་པར་ཟབ་ཏུ་བཏང་ཡོད།

    《ཀློག་དེབ》ནི་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བར་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་འགྲེལ་བཤད་བརྒྱབ་སྟེ་གཅིག་གྱུར་རྩོམ་སྒྲིག་བྱས་པའི་བསླབ་གཞི་དང་པོ་དེ་ཡིན་པ་དང་། མཐོ་རིམ་སློབ་གྲྭས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་སྤྱི་པའི་རྨང་གཞིའི་སློབ་ཚན་བཀོད་སྒྲིག་བྱེད་པའི་དབང་གྲགས་ལྡན་པའི་དཔེ་དེབ་ཅིག་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།