དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་ལས་དང་གྲོང་གསེབ་པུས་ཞིང་ནང་གཡོག་བྱེད་སོགས་ལ་ཤུགས་སྣོན་རྒྱག་པའི་ཐད་བཀོད་སྒྲིག་བྱས་ཏེ།

    ཐབས་མང་མཉམ་སྤྱོད་ཀྱིས་སྟོན་འབྲུར་ལོ་ལེཌ་ཡོང་བར་འགན་སྲུང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-03

    གསར་འགོད་པས་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔ་ནི་སྟོན་འབྲུའི་ཐོན་འབབ་ལེགས་ཉེས་ཀྱི་འགག་རྩའི་དུས་སྐབས་ཤིག་རེད། བར་སྨིན་འབྲས་དང་མ་རྨོས་ལོ་ཏོག་ལ་མིག་རྒྱག་པའི་དུས་སུ་སླེབས་པ་དང་། སྲན་ཆེན་གྱི་སྲན་རྡོག་རྒྱས་པའི་དུས་སུ་སླེབས་པ། དུས་ཚིགས་གཉིས་ཀྱི་ཕྱི་སྨིན་འབྲས་གཅིག་རྗེས་གཉིས་མཐུད་ངང་སྙེ་ཚིགས་ཐོན་པའི་དུས་སུ་སླེབས་པ་བཅས་སྤྱི་ཡོངས་ནས་བལྟས་ན། རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བའི་སྟོན་འབྲུའི་སྐྱེ་འཚར་རྒྱུན་གཏན་ལས་ཅུང་ལེགས་པ་ཡོད་པས་ལོ་ལེགས་ཡོང་བཟོ་ཡོད་པ་རེད།

    ས་ཁོངས་མི་འདྲ་བར་གཞིགས་ན། ས་གནས་ཁག་ཏུ་སྟོན་འབྲུ་སྨིན་ནས་བསྡུ་བའི་བར་ད་དུང་ཉིན་30ནས་50ལྷག་ཙམ་ཡོད་པ་རེད། ཞིང་ལས་གྲོང་གསེབ་པུས་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་སྟོན་འབྲུ་དང་ལོ་འཁོར་མོར་འབྲུ་རིགས་ལ་ལོ་ལེགས་ཡོང་བར་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།