དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་སྐྲུན་བཞིན་པའི“ཆེས་བྱང་ཕྱོགས་གྱི་མྱུར་བགྲོད་ལྕགས་ལམ”གྱི་ཕྱི་ངོས་གློག་མཁོ་འདོན་ལས་གྲྭ་བདེ་བླག་ངང་ལེགས་གྲུབ་ཟིན་ནས་སྤྱོད་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-03

    ཟླ་8ཚེས་30ཉིན། རང་རྒྱལ་གྱི་སྐྲུན་བཞིན་པའི་ཆེས་བྱང་ཕྱོགས་གྱི་མྱུར་བགྲོད་ལྕགས་ལམ་སྟེ། ཧེ་ལུང་ཅང་ཧར་པིན་ནས་དབྱི་ཁྲུན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཐའེ་ལི་ནས་དབྱི་ཁྲུན་དུམ་བུའི་ཕྱི་ངོས་གློག་མཁོ་འདོན་ལས་གྲྭ་ལེགས་གྲུབ་ཟིན་ནས་སྤྱོད་འགོ་ཚུགས་པ་རེད། ཧར་པིན་ནས་དབྱི་ཁྲུན་བར་གྱི་མྱུར་བགྲོད་ལྕགས་ལམ་ནི་རང་རྒྱལ་གྱི་སྐྲུན་བཞིན་པའི་འཕྲེད་ཐིག་གི་ཏུའུ་གྲངས་མཐོ་ཤོས་དང་གླིང་ཕྲན་དབྱིབས་ཀྱི་ལོ་མང་གི་འཁྱགས་སའི་ཁུལ་བརྒལ་བའི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་ཡིན་པས། མེ་འཁོར་ཤར་གཏོང་ཐུབ་རྗེས་ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་རྒྱུ་རེད།

    འདི་ནི་ཧར་པིན་ནས་དབྱི་ཁྲུན་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཐའེ་ལི་ནས་དབྱི་ཁྲུན་དུམ་བུའི་ཕྱི་ངོས་གློག་མཁོ་འདོན་ལས་གྲྭའི་གློག་ལམ་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།