དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་7པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་31ལྷག་ཙམ་ཟིན་པ།

    དུས་མཚུངས་ལས་14%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-03

    ཉེ་ཆར། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཟླ་བ་དང་པོ་ནས་བདུན་པའི་བར་གྱི་རྒྱལ་ཡོངས་ཀྱི་གློག་ཤུགས་བཟོ་ལས་ཀྱི་བསྡོམས་རྩིས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། ཟླ་བ་7པའི་ཟླ་མཇུག་བར་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་31ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་14%འཕར་ཡོད། དེའི་ནང་ཉི་ནུས་གློག་འདོན་འཕྲུལ་འཁོར་ནས་གློག་འདོན་ཚད་ཆན་ཝ་དུང་ཕྱུར་7.4ཙམ་ཟིན་པ་དེ་དུས་མཚུངས་ལས་49.8%འཕར་ཡོད། རླུང་གློག་གློག་འདོན་ཚད་ཆན་ཝ་དུང་ཕྱུར་4.7ཙམ་ཟིན་པ་དེ་དུས་མཚུངས་ལས་19.8%འཕར་ཡོད། ཟླ་བ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་སུ་གློག་འདོན་འཕྲུལ་འཁོར་གསར་པས་གློག་འདོན་ཚད་ཆན་ཝ་ཁྲི་18484ཟིན་པ་དང་། དེའི་ནང་རླུང་གློག་དང་ཉི་གློག་ནས་གློག་འདོན་ཚད་ཆན་ཝ་ཁྲི་2991དང་ཆན་ཝ་ཁྲི་12353སོ་སོར་ཟིན་ཡོད་པ་རེད།

    རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་བ་7པར་གཞི་ཁྱོན་ཡན་གྱི་བཟོ་ལས་ལ་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་8831ཟིན་པ་དེ་དུས་མཚུངས་ལས་2.5%འཕར་བ་དང་འཕར་ཚད་ཟླ་བ་གོང་མ་ལས་བརྒྱ་ཆའི་གྲངས་0.2མགྱོགས་སུ་ཕྱིན་ཡོད་པ་རེད།

    ཟླ་བ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་གློག་འདོན་ཁེ་ལས་གཙོ་བོའི་གློག་ཁུངས་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་4158བཏང་བ་དེ་དུས་མཚུངས་ལས་2.6%འཕར་ཡོད། གློག་དྲའི་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་2947བཏང་བ་དེ་དུས་མཚུངས་ལས་19.2%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།