དབྱར་འབྲུ་ཉོ་སྒྲུབ་བྱེད་ཚད་ཏུན་ཁྲི་6000ལྷག་ཙམ་ཟིན་པ།
རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། མིག་སྔའི་བར་ཐོན་ཁུལ་གཙོ་བོའི་འབྲུ་རིགས་ཁེ་ལས་ཁག་གིས་རིམ་རྩིས་བརྒྱབ་ན་དབྱར་འབྲུ་ཏུན་ཁྲི་6000ལྷག་ཙམ་ཉོ་སྒྲུབ་བྱས་པ་དེ་དུས་མཚུངས་ལས་ཏུན་ཁྲི་400ཙམ་འཕར་ནས་ཉོ་སྒྲུབ་གྲངས་འབོར་ཉེ་བའི་ལོ་ཤས་རིང་གི་ཆུ་ཚད་ཅུང་མཐོ་ཙམ་ལ་སླེབས་ཡོད་པ་རེད།
རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་དབྱར་འབྲུ་འབེལ་བའི་དུས་ཚིགས་སུ་ཉོ་སྒྲུབ་བྱེད་ཚད་སྤྱིའི་ཆ་ནས་བདེ་བླག་བྱུང་སྟེ་ཧོ་ནན་དང་། ཅང་སུའུ། ཨན་ཧུའེ། ཧུའུ་པེ་བཅས་སུ་གྲོ་ཉོ་སྒྲུབ་བྱེད་མཇུག་འགྲིལ་ཉེར་ཡོད་པ་དང་། ཧོ་པེ་དང་། ཧྲན་ཏུང་། ཧྲའན་ཤིས། ཤིན་ཅང་བཅས་སུ་ཉོ་སྒྲུབ་བྱེད་ཚད་བཅུ་ཆ་བདུན་ནས་བརྒྱད་བར་ཟིན་པ། ཧུའུ་ནན་དང་ཅང་ཤིས་ཀྱི་ཞན་ཏའོ་ཆུ་འབྲས་ཉོ་སྒྲུབ་སྤྱིར་ན་མཇུག་འགྲིལ་ཡོད། རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་ཀྱིས་ཁྲོམ་རའི་དུས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱེད་པར་སྔར་བས་ཤུགས་སྣོན་རྒྱག་པ་དང་། ཉོ་སྒྲུབ་དང་གསོག་འཇོག་ལ་དམ་འཛིན་ཡག་པོ་བྱེད་པའི་སྲིད་ཇུས་དོན་འཁྱོལ་ནན་ཏན་བྱེད་པ། ཁྲོམ་རའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཞིང་ལས་ལ་ཞབས་འདེགས་ཞུ་རྒྱུ་མུ་མཐུད་ལེགས་སུ་བཏང་ནས་དབྱར་འབྲུ་འབེལ་བའི་དུས་ཚིགས་ཀྱི་ཉོ་སྒྲུབ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་ཐུབ་པའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།