དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་གི་སྒྲིག་ཁྲིམས་སློབ་གསོ་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་འགྱུར་བར་སྐུལ་འདེད་གཏོང་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པར་སྒྲིག་ཁྲིམས་དམ་ནན་བསྲུངས་ནས་བྱས་རྗེས་ཧུར་ཐག་འཇོག་པར་ཁྲིད་སྟོན་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-03

    ཉེ་དུས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་སྟེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་དགོས་པའི་ཐད་བླང་བྱ་ཁ་གསལ་བཏོན་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་པའི་ཐད་ཁ་ཕྱོགས་གསལ་སྟོན་གནང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་རྒྱུན་གཏན་ནས་སྐུལ་འདེད་གཏོང་བར་སློབ་གསོ་ཁྲིད་སྟོན་གནང་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འགན་ལེན་གནང་ཡོད།

    ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏོང་རིང་། ཧྲང་ཧའེ་གྲོང་ཁྱེར་ཅིང་ཨན་ཆུས་ཕེང་ཕུ་གྲོང་གསར་ཁྲོམ་གཞུང་གི་ཏང་ཡོན་དང་ལས་བྱེད་པས་ཀྲུང་གུང་ཚོགས་ཆེན་གཉིས་པ་འཚོགས་ཡུལ་དྲན་གསོ་ཁང་དུ་ཐེངས་མང་བསྐྱོད་དེ་གསར་དུ་བཟོས་པའི“ནམ་ཡང་གནས་པའི་དར་ཆ”ཞེས་པའི་ཏང་གི་སྒྲིག་ཡིག་སློབ་སྦྱོང་གི་སྐོར་སྐྱོད་སློབ་ཁང་དུ་ཏང་གི་སྒྲིག་ཁྲིམས་དམ་ནན་གྱི་གཟི་བརྗིད་སྲོལ་རྒྱུན་དང་ཁྱད་འཕགས་ལེགས་ཆ་ཚོར་ཤེས་བྱས་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དེ་མ་ཉིད་དུ་སློབ་སྦྱོང་བྱས་པའི་ཕེང་ཕུ་གྲོང་གསར་ཁྲོམ་གཞུང་གི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་རེན་ཝེ་ཡིས“ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་བརྒྱུད་ང་ཚོས་ཏང་གི་སྒྲིག་ཡིག་དང《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་ཤེས་རྟོགས་དང་ངོས་འཛིན་དེ་བས་གཏིང་ཟབ་བྱུང་། ཕྱིས་འབྱུང་སྒྲིག་བཀུར་སྒྲིག་སྲུང་བྱ་རྒྱུ་དེ་སེམས་ནང་བརྟན་པོར་ངེས་པ་དང་གཏམ་སྤྱོད་ཀྱི་ཚད་གཞིར་འགྱུར་བ་བྱས་ནས་དངོས་འཛིན་དངོས་སྦྱོང་དང་། སྦྱངས་ནས་སྤུས་ཚད་ཡོད་པ། སྦྱངས་ནས་ཕན་འབྲས་ཐོན་པ་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    “ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱིས་དམ་འཛིན་བྱེད་པར་སྐུལ་འདེད་གཏོང་བ་ནི་ཏང་ཡོན་དང་ལས་བྱེད་པས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་བྱ་སྤྱོད་ཀྱི་རང་རྟོགས་ལ་དངོས་སུ་འགྱུར་བར་ཁྲིད་སྟོན་བྱས་པ་ཞིག་ཡིན” མགོ་ཡོད་མཇུག་ཡོད་ཀྱི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་འགན་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ནུས་ཤུགས་ཡོད་རྒུས་མཇུག་བསྡུའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ། གཞོན་སྐྱེས་ལས་བྱེད་པ་དང་གོ་གནས་སྤར་མ་ཐག་པའི་ལས་བྱེད་པར་སྒྲིག་ཁྲིམས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་བརྩོན་འགྲུས་ཀྱིས་མཚམས་འཇོག་མི་བྱེད་པ་དང་། རང་གཅུན་ནན་པོ་བྱས་ནས་ལྷོད་གཡེང་སྤུ་ཙམ་མི་གཏོང་བ། དམངས་ལ་ཞབས་འདེགས་ཞུས་ནས་རང་འགན་གཙང་སྒྲུབ་བཅས་ཐུབ་པར་བྱེད་དགོས་ཞེས་ཧོ་པེ་ཞིང་ཆེན་ཕིང་ཧྲན་རྫོང་ཤིས་པའེ་ཕོ་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ཧྥེང་ཁྲོན་གྱིས་བརྗོད་པ་རེད།

    ཁྲིད་སྦྱོང་རང་སྦྱོང་དང་། གཅིག་སྡུད་བགྲོ་གླེང་། སྤེལ་རེས་གཏམ་བཤད་སོགས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་ཚུན། པེ་ཅིང་ཚན་རྩལ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཡོན་དང་ལས་བྱེད་པས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་སློབ་སྦྱོང་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སེམས་ལ་ཟུག་པར་སྐུལ་འདེད་བཏང་ཡོད།

    “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི‘སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་ལ་རྒྱུན་གཏན་ནས་སྐུལ་འདེད་གཏོང་དགོས་པའི’བླང་བྱ་བློ་ལ་བརྟན་པོར་ངེས་ནས་བྱེད་སྟངས་དང་ཐབས་ཤེས་གསར་གཏོད་བྱས་ཏེ་ཏང་ཡོན་དང་ལས་བྱེད་པས་བསམ་བློའི་ཐོག་ནས་མཐོང་ཆེན་བྱེད་པར་ལྟ་སྐུལ་དང་། སྒྲིག་ཁྲིམས་སློབ་སྦྱོང་དེ་ངེས་སྦྱོང་སློབ་ཚན་དང་རྒྱུན་སྦྱོང་སློབ་ཚན་དུ་བརྩི་བ། སྒྲིག་ཁྲིམས་སློབ་གསོ་དེ་ཏང་ཡོན་དང་ལས་བྱེད་པའི་རྒྱུན་གཏན་གྱི་སློབ་གསོ་དོ་དམ་ལྟ་སྐུལ་ནང་མཉམ་འདྲེས་བཅས་བྱས་ནས་ཏང་གི་སྒྲིག་ཁྲིམས་སློབ་གསོའི་གཅུན་སྡོམ་དང་འགན་སྲུང་ལྕག་སྐུལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་ཀྱི་ཡིན”ཞེས་པེ་ཅིང་ཚན་རྩལ་སློབ་ཆེན་མར་ཁེ་སི་རིང་ལུགས་སློབ་གླིང་གི་ཏང་ཨུད་ཧྲུའུ་ཅི་གཞོན་པ་དང་ཡོན་ཀྲང་སུང་ཝེ་ཡིས་བརྗོད་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས‘སྡེ་ཁུལ་ཞིག་འཕེལ་རྒྱས་གཏོང་དགོས་ཚེ་ངེས་པར་དུ་ཧ་ཅང་སྟོབས་ཤུགས་ཆེ་བའི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་བྱེད་པའི་གཞི་རིམ་རྩ་འཛུགས་ཤིག་ཡོད་དགོས’ཞེས་ནན་བཤད་གནང་ཡོད། ང་ཚོས་སྒྲིག་ཁྲིམས་སྔར་བས་དམ་ནན་དུ་གཏོང་བ་བརྒྱུད་ཏང་རྩ་འཛུགས་འཛུགས་སྐྱོང་ཡག་པོ་དང་སྟོབས་ཆེར་འགྱུར་བར་བྱེད་དགོས” ད་ཆ་སྡེ་ཁུལ་གྱིས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་གཏན་ནང་མཉམ་འདྲེས་དང་ལས་དོན་དངོས་ལ་དམིགས་ནས། སྒྲིག་ཁྲིམས་སློབ་གསོ་དུས་བཀག་ལྟར་གཅིག་སྡུད་ཐོག་སྤེལ་བ་དང་། སྡེ་ཁུལ་གྱི་ཧྲུའུ་ཅི་དང་ཁུལ་ཆུང་ཏང་ཀྲི་པུའི་ཧྲུའུ་ཅིས་དུས་བཀག་ལྟར་ཏང་གི་སློབ་ཚན་གཅིག་ཁྲིད་དེ། ཏང་རྩ་འཛུགས་དེ་བས་འགྱུར་མེད་སྟོབས་ལྡན་དུ་ཧུར་ཐག་འཛུགས་སྐྱོང་བྱེད་བཞིན་ཡོད་ཅེས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཆུས་ཝན་ཐིང་ཤང་སྡེ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅི་ལིའུ་ཚུའེ་ཆིང་གིས་བརྗོད་པ་རེད།

    “རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་ཡུན་རིང་དངོས་སུ་གནས་ཤིང་བསྐྱར་ཐོན་ངོ་འགྱུར་ཧ་ཅང་བྱེད་སླ་བས། ངེས་པར་དུ་བརྒྱུད་རིམ་ལྡན་པའི་སྒོ་ནས་དག་ཐེར་དང་མཉམ་དུ་ཤུགས་སྣོན་རྒྱག་དགོས། དེ་ལྟར་བྱས་ཚེ་གཞི་ནས་ཡུན་རིང་གཏན་འཁྱོངས་བྱེད་ཐུབ” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་མུ་མཐུད་རྒྱལ་ཁ་ལེན་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ངེས་པར་དུ་འགན་འཁྲིའི་ངེས་གནས་བརྟན་སྲུང་དང་ཐར་པར་གཏན་ནས་མི་གཏོང་བའི་ཟིལ་གནོན་ལ་གཡོ་འགུལ་མི་གཏོང་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། མཐར་ཕྱིན་པའི་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་རུལ་སུངས་ཀྱི་གནད་དོན་ཐོན་ས་དང་ཐོན་རྐྱེན་མེད་པར་བཟོས་ཏེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པའི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་གི་ཡིན་ཞེས་ཐུང་ལུའུ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་མངགས་གཏོང་བྱས་པའི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གཉིས་པའི་ཙུའུ་ཀྲང་ཧོ་ཞའོ་ཧྭ་ཡིས་བརྗོད་པ་རེད།

    ཀོང་ཤིས་ལའེ་པིན་ཧོ་ཧྲན་གྲོང་ཁྱེར་ལིང་ནན་གྲོང་རྡལ་གྱིས་ཤང་དང་གྲོང་རྡལ་གྱི་འགན་འཁྲི་སྒྲུབ་དགོས་པའི་ལས་དོན་གྱི་གསལ་ཐོ་བཟོ་བའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། འགན་དབང་གཅིག་མཐུན་དང་འགན་ནུས་གཅིག་མཐུན་མཐའ་འཁྱོངས་བྱས་ཏེ། གཞི་རིམ་བཅོས་སྐྱོང་གི་འགན་ནུས་མི་མཐུན་པའི་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པ་རེད།

    “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གཞིར་བཟུང་ཕྱི་ཚུལ་རིང་ལུགས་སྤངས་ནས་རྒྱུན་ཆད་མེད་པར་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་གཞི་རིམ་ལ་ནུས་ཤུགས་སྦྱིན་ཏེ། གཞི་རིམ་གྱི་ལས་ཀ་ཉུང་དུ་དང་ཁུར་པོ་ཡང་དུ་གཏོང་དགོས” སྤུས་ཚད་མཐོ་བའི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་ཆུ་ཚད་གསར་པར་སླེབས་པར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཡོན་དང་ལས་བྱེད་པས་སྒྲིག་བཀུར་སྒྲིག་སྲུང་གི་སྔོན་འགྲོའི་ཆ་རྐྱེན་འོག་བློ་བདེ་པོས་ལས་ཀ་བྱེད་པ་དང་། བློ་ཁོག་ཆེན་པོས་ལས་ཀ་བྱེད་པ། བྱས་རྗེས་ཧུར་ཐག་འཇོག་པ་བཅས་བྱེད་པར་དེ་བས་ལེགས་པའི་སྒོ་ནས་སྣེ་ཁྲིད་དང་སྐུལ་འདེད་བཏང་སྟེ། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་གི་ཡིན་ཞེས་ལིང་ནན་གྲོང་རྡལ་གྱི་ཏང་ཨུད་ཧྲུའུ་ཅི་ལན་ཤིའུ་ལོན་གྱིས་བརྗོད་པ་རེད།

    (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་30ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།