དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཟླ་དང་པོ་ནས་བདུན་པའི་བར་ཟིན་ཐོ་གསར་པ་ཐེངས་གསུམ་བཏོད་པ།

    ཀྲུང་གོ་དང་ཝེ་ཐེ་ནམ་དབར་གྱི་དུས་གཏན་མེ་འཁོར་གཏོང་མགྱོགས་སུ་བཏང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-02

    འདི་ནི་ནན་ཉིང་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་ཡིན་པ།

    ཟླ་8ཚེས་17ཉིན་གྱི་ཐོ་རེངས་སུ་དངོས་ཟོག་བྱུར་བུར་བླུགས་པའི་ཀྲུང་ཝེའི་མྱུར་བགྲོད་འགག་སྒྲོལ་དུས་གཏན་མེ་འཁོར(གཤམ་དུ“ཀྲུང་ཝེའི་དུས་གཏན་མེ་འཁོར”ཞེས་བསྡུ་རྒྱུ)ཀོང་ཤིས་ནན་ཉིང་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁ་ནས་ཐོན་ཞིང་། ཉིན་དེའི་ཕྱི་དྲོ་ཝེ་ཐེ་ནམ་གྱི་ཨན་ཡོན་བབས་ཚུགས་སུ་འབྱོར་རྒྱུ་རེད།

    2017ལོར་ཤར་གཏོང་བྱུང་བའི་རྒྱལ་སྒྲོལ་དོས་སྒམ་གྱི་དུས་གཏན་མེ་འཁོར་དེ་ཐོག་མར་ཟླ་རེར་གཏོང་ཐེངས་ལྔ་ཡང་མ་ཟིན་པ་ནས་གཞི་ཁྱོན་རིམ་བཞིན་ཆེ་རུ་ཕྱིན་པ་དང་འབྲེལ། འདི་ལོའི་ཟླ་དང་པོ་ནས་བདུན་པའི་བར་དངོས་ཟོག་འདྲེན་གཏོང་བྱེད་ཚད་ཀྱི་ཟིན་ཐོ་གསར་པ་ཐེངས་གསུམ་བཏོད་པ་སྟེ། ཟླ་གསུམ་པར་ཚད་ལྡན་དོས་སྒམ་500དང་། ཟླ་བཞི་པར་ཚད་ལྡན་དོས་སྒམ་1622 ཟླ་བདུན་པར་ཚད་ལྡན་དོས་སྒམ་1922བཅས་ཐོག་མར་བརྒལ་ནས་དུས་ཚིགས་དང་པོའི་དངོས་ཟོག་འདྲེན་གཏོང་བྱེད་ཚད་ཀྱི་བསྡོམས་འབོར་ལས་བརྒལ་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ལྕགས་སྒྲོམ་དང་ངར་ལྕགས་རྒྱུ་ཆ་སོགས་ཟོག་ཁུངས་གསར་པའི་ཐོག་ཚ་ཁུལ་གྱི་ཤིང་ཏོག་སོགས་དུས་ཚིགས་རང་བཞིན་གྱི་ཟོག་ཁུངས་བསྣན་པ་བརྒྱུད། འདི་ལོའི་ཀྲུང་ཝེའི་དུས་གཏན་མེ་འཁོར་ལས་བྲེལ་དེ་བས་ཆེན་པོ་བྱུང་ཡོད་དེ“ཚོང་ཟོག་མང་དུས་ཉིན་གཅིག་ལ་ཐེངས་གསུམ་གཏོང་ཆོག་གི་ཡོད”ཅེས་ཀྲུང་གོ་ལྕགས་ལམ་ནན་ཉིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནན་ཉིང་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་ནན་ཉིང་ལས་གཉེར་པུའུ་ལྷོ་མའི་ཅིང་ལི་གཞོན་པ་ཀྲང་ཅུན་གྱིས་བཤད།

    2023ལོར་ཤང་ཀུའེ་ལྕགས་ལམ་གྱི་ནན་ཉིང་ནས་ཕིང་ཤང་བར་གྱི་མྱུར་ཚད་མགྱོགས་སུ་གཏོང་བའི་ལས་དོན་ལེགས་གྲུབ་ཟིན་ནས་ཀྲུང་ཝེའི་རྒྱལ་སྤྱིའི་ལྕགས་ལམ་གྱི་བགྲོད་ལམ་ཆེན་པོའི་མེ་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་90བར་མགྱོགས་སུ་ཕྱིན་ཡོད། འདི་ལོའི་ཟླ་དང་པོར་རྒྱལ་ཁབ་ལྕགས་ལམ་ནན་ཉིང་ཅུས་ཀྱིས་ཝེ་ཐེ་ནམ་ལྕགས་ལམ་སྤྱི་ཁྱབ་ཀུང་སི་དང་མཉམ་ལས་བྱས་ནས་ཀྲུང་ཝེའི་དུས་གཏན་མེ་འཁོར་གྱི་ལམ་ཐག་ཧྲིལ་པོའི་དུས་ཚོད་རེའུ་མིག་གཏན་འཁེལ་བྱས་ཡོད། “དེ་སྔ་ང་ཚོས་འདུས་འདྲེས་ཁིལ་ཁ་སིན་མཚོ་ཐོག་ནས་ཝེ་ཐེ་ནམ་དུ་ཕྱིར་གཏོང་བྱེད་ཀྱི་ཡོད། ད་ཆ་ཀྲུང་ཝེའི་དུས་གཏན་མེ་འཁོར་བཏང་བ་ལས་ཉིན་3ནས་5བར་ཐུང་དུ་ཕྱིན་འདུག”ཅེས་ཀྲུང་གོ་ཕྱི་ཕྱོགས་སྐྱེལ་འདྲེན་ཀོང་ཤིས་ཚད་ཡོད་ཀུང་སིའི་ལས་སྒོའི་ཅིང་ལི་ཀྲུའུ་ཧྲི་ཆང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།