དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱལ་ཁབ་སྟོབས་ཆེན་དུ་གྱུར་དོན་གང་ཡིན་ནམ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-02

    འདི་ནི་འདི་ལོའི་ཟླ་དང་པོར་པེ་ཅིང་དང་། ཧེ་ལུང་ཅང་། ཧོ་པེ་སོགས་ཀྱི་གཞོན་ནུ་ལོ་ཆུང་ཚོས་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ལིའུ་ཀྲོའུ་ལུས་རྩལ་སྦྱོང་བརྡར་རྟེན་གཞིར་རྐང་རྩེད་སྤོ་ལོ་རྒྱག་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧོང་ཞའོ་པང་གི་པར་བརྒྱབ།

    2000ལོར་ཤིས་ཉི་ཨོ་རྩལ་འགྲན་ཚོགས་གཉེར་བ་ནས་ཉེ་ཆར་གཉེར་བའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་བར་ཀྲུང་གོ་ནི་བྱ་དགའི་རྟགས་མའི་ཨང་རིམ་ཨང་དང་པོ་ནས་གསུམ་པར་སླེབས་ཀྱི་ཡོད། ཀྲུང་གོར་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ནི་སྟེས་དབང་ཞིག་རྩ་བ་མིན།

    ཆིང་ཧྭ་སློབ་ཆེན་ལུས་རྩལ་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཝང་ཞུའེ་ལིས། ཀྲུང་གོའི་ཚབ་བྱས་ནས་རྒྱལ་སྤྱིའི་འགྲན་བསྡུར་ཆེ་མོར་ཞུགས་མཁན་ལུས་རྩལ་པ་འདེམས་སྒྲུག་བྱེད་སྐབས་ལུས་རྩལ་རྣམ་གྲངས་མི་འདྲ་བའི་དབང་གིས་འདེམས་སྒྲུག་རྒྱག་སྟངས་ཀྱང་འདྲ་གི་མེད། ཉམས་མྱོང་ཕུན་སུམ་ཚོགས་པའི་རྩལ་ཁྲིད་པ་ཁག་གཅིག་གིས་རིགས་མི་འདྲ་བའི་ལུས་རྩལ་རྣམ་གྲངས་ལ་རྒྱལ་སྤྱིའི་འགྲན་བསྡུར་ཆེ་མོར་དམིགས་ནས་འདེམས་སྒྲུག་དང་གསོ་སྐྱོང་བྱེད་ཐབས་བཟོ་གི་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2022ལོར་རྒྱལ་ཡོངས་སུ་ལུས་རྩལ་སློབ་གྲྭ་2000ལྷག་ཙམ་ཡོད་པ་དེ་དག་གིས་ཉེ་བའི་ལོ་ཤས་རིང་ཆ་སྙོམས་ལོ་ལྟར་ཕུལ་བྱུང་ལུས་རྩལ་རུ་ཁག་ལ་ལུས་རྩལ་པ་4000ཙམ་བསྐྱལ་ཡོད་ཅེས་བཤད།

    མིག་སྔར། ཀྲུང་གོའི་ལུས་རྩལ་ལས་དོན་ལ་གཙོ་གནད་གསུམ་ཡོད་པ་སྟེ། སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་ལུས་རྩལ་གྱི་ནུས་པར་ཤུགས་སྣོན་བརྒྱབ་སྟེ་ལུས་རྩལ་སྦྱོང་བརྡར་དང་སློབ་གསོ་དེ་བས་མང་བ་སློབ་གསོའི་མ་ལག་ཧྲིལ་པོར་བཅུག་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཁྲོད་ལུས་རྩལ་གྱི་ནུས་པར་སྐུལ་འདེད་བཏང་བ་དང་། ཀྲུང་གོས་དམངས་ཚོགས་ལུས་རྩལ་བྱེད་སྒོར་ཞུགས་པར་སྐུལ་འདེད་གཏོང་བའི་བྱ་ཐབས་མང་པོ་བཏོན་པ། 2021ལོར་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《དམངས་ཡོངས་ཀྱི་ལུས་སྦྱོང་འཆར་གཞི(2021ལོ་ནས་2025ལོ་བར)》པར་འགྲེམས་བྱས་པ་བཅས་རེད།

    བསྡོམས་རྩིས་ཀྱི་གྲངས་གཞི་ལས་མངོན་པར། ཀྲུང་གོར2023ལོར་ལུས་རྩལ་ཐང་ཁྲི་36.59མང་དུ་ཕྱིན་ནས་དུས་མཚུངས་ལས་8.7%འཕར་བ་དང་རྒྱལ་ཡོངས་སུ་ཆ་སྙོམས་མི་རེར་དབང་བའི་ལུས་རྩལ་ཐང་གི་རྒྱ་ཁྱོན་སྨི་ངོས་གྲུ་2.89ཟིན་གྱི་ཡོད།

    —— 《པར་ཙིར་ངོ་མ》ཞེས་པའི་ཚགས་པར་གྱི་དྲ་ཚུགས་སུ་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།