ཀྲུང་གོར་སྐྱོད་མཁན་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་དུ་ཕྱིན་པ།
ཀྲུང་གོ་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞི་གསར་ཤོས་ལས་མངོན་པར། 2024ལོའི་ཟླ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་ཀྱི་འགག་སྒོ་ཁག་ནས་ཡོང་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་1725.4ཟིན་པ་དེ་དུས་མཚུངས་ལས་129.9%འཕར་ཡོད། འགག་སྒོའི་རྒྱལ་སྒྲོལ་ཐོངས་མཆན་ཐེངས་ཁྲི་84.6སྤྲད་པ་དེ་དུས་མཚུངས་ལས་182.9%འཕར་ཡོད་པ་རེད།
སྲིད་ཇུས་དེ་དག་གིས་ཕན་ཚུན་གཞོགས་འདེགས་དང་མཉམ་དུ་ཤུགས་སྣོན་བརྒྱབ་པས་ཕྱོགས་མང་པོར་ཕན་པ་ཐོབ་ཡོད། ཆེས་ཐད་ཀའི་འགྱུར་ལྡོག་ནི་ཀྲུང་གོར་སྐྱོད་མཁན་ཕྱི་རྒྱལ་བ་མགྱོགས་མྱུར་མང་དུ་ཕྱིན་ཡོད། མངོན་གསལ་དོད་ཤོས་ཀྱི་ཕན་ནུས་ནི་ཀྲུང་གོའི་མངའ་ཁོངས་སུ་ཡུལ་སྐོར་བྱེད་པའི་ཁྲོམ་ར་འཁྲུག་ཏུ་བཏང་ཡོད། ཀྲུང་གོ་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་2023ལོའི་ཡོངས་བསྒྲགས་གྲངས་གཞིར་གཞིགས་ན། ཀྲུང་གོར་ཡུལ་སྐོར་བྱེད་པར་ཡོང་མཁན་ཕྱི་རྒྱལ་བའི་ཉིན་རེའི་ཆ་སྙོམས་འཛད་སྤྱོད་སྒོར་3459ཟིན་པ་དང་འཛད་སྤྱོད་བྱེད་ཚད་མི་དམངས་ཤོག་སྒོར་དུང་ཕྱུར་1000ལྷག་ཙམ་ལ་ཐད་ཀར་སྐུལ་ཁྲིད་བྱས་ཡོད།
གོམ་སྟབས་རྗེས་མར། ཀྲུང་གོ་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུས་ཀྱིས་མངའ་ཁོངས་སྒྲོལ་བར་ཐོངས་མཆན་མི་དགོས་པའི་སྲིད་ཇུས་བྱ་ཐབས་མུ་མཐུད་ལེགས་སུ་དང་འཐུས་ཚང་དུ་བཏང་ནས་སྲིད་ཇུས་ཀྱི་ནུས་ཤུགས་དང་ཡིད་དབང་འགུག་ཤུགས་སྔར་བས་ཆེ་རུ་བཏང་སྟེ། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཀྲུང་གོར་སྐྱོད་མཁན་ཕྱི་རྒྱལ་བར་སྔར་བས་སྟབས་བདེ་བསྐྲུན་རྒྱུ་ཡིན་པ་རེད།
—— སིང་ཀ་ཕོར《མཉམ་འབྲེལ་ཞོགས་པའི་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།