འཁྲུག་ཆ་དོད་པའི་ཀྲུང་གོའི་སྦི་རག་དུས་ཆེན།
འདི་ནི་ཧྲན་ཏུང་ཆིང་ཏའོ་ཅིན་ཧྲ་ཐང་སྦི་རག་གྲོང་དུ་ཕྱི་རྒྱལ་གྱི་ཡུལ་སྐོར་བས་སྦི་རག་འཐུང་བཞིན་པ། ཡུས་ཧྥང་ཕིང་གིས་པར་བརྒྱབ།(མི་དམངས་ཀྱི་མཐོང་ཚོར)
ཀྲུང་གོའི་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་གཉེར་བའི་སྦི་རག་དུས་ཆེན་རིང་རོལ་ཆ་རུ་ཁག་གིས་གླུ་དབྱངས་ཤིག་དཀྲོལ་གཏོང་བྱས་པ་དེ་ནི་དུས་རབས་20པའི་ལོ་རབས་90པར་སྐད་གྲགས་ཤིན་ཏུ་ཆེ་བའི་བརྙན་འཕྲིན་ཟློས་གར་འཁྲབ་ཚན་གྱི་བརྗོད་དོན་གཙོ་བོའི་གླུ་དབྱངས་ཤིག་རེད། འཁྲབ་ཚན་དེའི་འཆར་ཡན་གྱི་རྣམ་པ་དང་གཞས་ཚིག་ཚང་མ་རྒྱབ་ཀྱི་འཆར་ཤེལ་སྟེང་གསལ་གྱི་ཡོད། མི་རྣམས་ཀྱིས་གར་སྟེགས་མདུན་གྱི་ཅོག་ཙེ་རིང་པོའི་འགྲམ་དུ་ལངས་ཏེ་སྦི་རག་འཐུང་ཞོར་འགྱུར་ཁུག་དང་བསྟུན་ནས་སྐད་གསང་མཐོན་པོས་གླུ་ལེན་བཞིན་ཡོད།
རེད་དེ། དེ་ནི་ཀྲུང་གོ་བའི་སྦི་རག་དུས་ཆེན་རེད། ཆིང་ཏའོ་སྦི་རག་དུས་ཆེན་ཟླ་7པའི་ཟླ་དཀྱིལ་ནས་འགོ་ཚུགས་པ་དང་བསྟུད་མར་གཟའ་འཁོར་གསུམ་ཙམ་གཉེར་ཡོད། མ་ཟད་ལོ་ལྟར་ཡུལ་སྐོར་བ་ཁྲི་བརྒྱ་ཕྲག་ཁ་ཤས་དུས་ཆེན་དེ་གཏོང་བར་ཡོང་གི་ཡོད། ཆིང་ཏའོ་སྦི་རག་དུས་ཆེན་སྐབས་དང་པོ་1991ལོར་གཉེར་བ་རེད། ལོ་མང་རིང་ཆིང་ཏའོ་སྦི་རག་དུས་ཆེན་གཙོ་གཉེར་ཕྱོགས་ཀྱིས་གྲོང་ཁྱེར་དེའི་ས་ཆ་མང་པོར་བརྗོད་དོན་གཙོ་བོ་མི་འདྲ་བའི་ཐོག་ནས་སྦི་རག་དུས་ཆེན་གཉེར་རྒྱུའི་ཚོད་ལྟ་བྱས་ཡོད། ས་གནས་དེ་གའི་སྲིད་གཞུང་གིས་བརྡ་སྦྱོར་འགྲེམ་རྒྱུར་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་པས་ཐོག་མར་སྦི་རག་དུས་ཆེན་ལ་ཡོང་མཁན་ཡུལ་སྐོར་བ་ཁྲི་30ལས་མེད་མོད། འོན་ཀྱང་ད་ཆ་མི་ཁྲི་བརྒྱ་ཕྲག་ཁ་ཤས་ཡོད་པ་རེད།
—— འཇར་མན་གྱི《ཏེ་དབྱི་ཀྲེ་ལྷོ་མའི་ཚགས་པར》གྱི་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།