དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དམའ་དབྱིངས་དཔལ་འབྱོར་ཀྲུང་གོར་དབྱར་མཚོ་རྒྱས་པར་ལྟར་འཕེལ་རྒྱས་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-02

    འདི་ནི་ཅང་ཤིས་ཕིང་ཤང་གི་བབས་ཚུགས་བྱང་མ་ནས་ཝུའུ་ཀུང་ཧྲན་གྱི་དབུ་རྩེར་འཕུར་མཁན་ཐད་འཕུར་གནམ་གྲུ་ཐེངས་དང་པོ་འཕུར་གྲབས་བྱེད་བཞིན་ཡོད་པས་གདན་ཞུ་བྱས་པའི་འཕུར་སྐྱོད་པ་ཕིང་ཤང་བབས་ཚུགས་བྱང་མ་ནས་གནམ་གྲུར་འཛེག་བཞིན་པ། རེན་ཆན་ལེང་གིས་པར་བརྒྱབ།

    ཟླ་8པའི་ཟླ་འགོར། ཀྲུང་གོའི་དམངས་སྤྱོད་མི་བཞུགས་འཕུར་གྲུ་AS700ཡིས་དམའ་དབྱིངས་ཡུལ་སྐོར་བཀོལ་སྤྱོད་རྣམ་པའི་འཕུར་སྐྱོད་ཐེངས་དང་པོ་ལེགས་གྲུབ་བྱས་ཤིང་། འདི་ནི་གྲུ་ཚང་གཅིག་ལས་མེད་པའི་འཕུར་གྲུ་ཞིག་ཡིན་པ་དེར་མང་ཤོས་ལ་མི་10གཤོང་ཐུབ་པ་དང་། འཕུར་སྐྱོད་ཀྱི་ལམ་ཚད་རིང་ཤོས་སྟོང་སྨི་700ཟིན་པ་དང་འཕུར་སྐྱོད་ཆུ་ཚོད་10བྱེད་ཐུབ་ཀྱི་ཡོད།

    ཀྲུང་གོས་ཀྱང་མཁའ་དབྱིངས་ཀྱི་བདལ་གཏོང་གནམ་གྲུའི་མཁའ་ལམ་གསར་པ་གསར་སྤེལ་ཧུར་ཐག་བྱེད་བཞིན་ཡོད། ཟླ་8ཚེས་10ཉིན་མི་བཞུགས་ཚོང་ལས་འགྲུལ་སྐྱེལ་ཐད་འཕུར་གནམ་གྲུ་ཞིག་ཅང་སུའུ་ཁུན་ཧྲན་གནམ་ཐང་ནས་ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་དུ་ཐོག་མར་འཕུར་ནས། གྲོང་ཁྱེར་གཉིས་དབར་གྱི་ཡུལ་སྐོར་དུས་ཚོད་ཆུ་ཚོད་ཁ་ཤས་ནས་ཆུ་ཚོད་ཕྱེད་ཀ་ཙམ་བར་ཐུང་དུ་ཕྱིན་ཡོད།

    2024ལོའི་ལོ་སྟོད་དུ། ཀྲུང་གོས་གསར་དུ་ཐོ་འགོད་བྱས་པའི་མི་མེད་གནམ་གྲུ་ཁྲི་60.8ཙམ་ཟིན་ནས་2023ལོའི་ལོ་མཇུག་ལས་48%འཕར་ཡོད་ལ། ཀྲུང་གོས་ད་དུང་ཟོག་ལྕི་སྐྱེལ་འདྲེན་བྱེད་མཁན་གྱི་མི་མེད་གནམ་གྲུ་ཞིབ་སྤེལ་བྱ་རྒྱུ་རེད། ཟླ་8ཚེས་11ཉིན་སི་ཁྲོན་ཐེང་ཏུན་ཚན་རྩལ་གསར་གཏོད་མ་རྐང་ཚད་ཡོད་ཀུང་སིས་རང་བརྟེན་ཞིབ་སྤེལ་བྱས་པའི་མི་མེད་སྐྱེལ་འདྲེན་གནམ་གྲུ་ཐོག་མར་འཕུར་སྐྱོད་ཐུབ་ཡོད། ཟླ་6ཚེས་12ཉིན། ཀྲུང་གོའི་མཁའ་འགྲུལ་བཟོ་ལས་ཚོགས་པས་རང་བརྟེན་ཞིབ་བཟོ་བྱས་པའི་མཁའ་འགྲུལ་ཚོང་སྤྱོད་མི་མེད་སྐྱེལ་འདྲེན་མ་ལག་ཚོད་ལྟའི་གནམ་གྲུ་ཐོག་མར་འཕུར་སྐྱོད་ལེགས་གྲུབ་བྱུང་ཡོད།

    ཀྲུང་གོའི་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་ནས། དམའ་དབྱིངས་དཔལ་འབྱོར་གྱིས་ཟོག་འགྲེམས་དང་། ཞིང་ལས། ཐིག་ལེན་ཚད་འཇལ་བཅས་དང་ཐོན་ལས་གཞན་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་རྒྱུ་རེད་ཅེས་བརྗོད་ཡོད། ཚོད་རྩིས་བརྒྱབ་པར་གཞིགས་ན། 2023ལོར་ཀྲུང་གོའི་དམའ་དབྱིངས་དཔལ་འབྱོར་གྱི་གཞི་ཁྱོན་མི་དམངས་ཤོག་སྒོར་དུང་ཕྱུར་5000ཟིན་པ་དང་2030ལོར་སྒོར་དུང་ཕྱུར་ཁྲི་2ཟིན་པའི་རེ་བ་ཡོད་པ་རེད།

    —— ཨུ་རུ་སུའི《རང་བཙན་ཚགས་པར》ཐོག་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།