ཕེ་ལེ་ཧྲ་ཚི་ཟམ་ཆེན་དེ་གནས་རྟགས་རང་བཞིན་གྱི་སྐྲུན་དངོས་ཤིག་ཏུ་གྱུར་པ།
ཉིན་ཤས་གོང་། ཀྲུང་གོ་ལམ་ཟམ་ཀུང་སིས་སྣེ་ཁྲིད་པའི་ཀྲུང་གོའི་ཁེ་ལས་མཉམ་འབྲེལ་སྒྲིག་གཞིས་སྐྲུན་འགན་ཁུར་བའི་ཁ་རེ་ཤེ་ཡའི་ཕེ་ལེ་ཧྲ་ཚི་ཟམ་ཆེན་དུ་རླངས་འཁོར་ཤར་གཏོང་ཐུབ་ནས་ལོ་གཉིས་འཁོར་བ་རེད། ལོ་གཉིས་རིང་རླངས་འཁོར་ཁྲི་500ཙམ་ཟམ་ཆེན་དེའི་ཐོག་བསྐྱོད་ཡོད། ཁ་རེ་ཤེ་ཡའི་ལྷོ་རྒྱུད་དུ་སྐྱོད་པའི་ཡུལ་སྐོར་དུས་ཚོད་ཆེས་ཆེར་ཐུང་དུ་ཕྱིན་ནས་ཁ་རེ་ཤེ་ཡའི་ལྷོ་རྒྱུད་ཀྱི་འགྲིམ་འགྲུལ་དང་། ཡུལ་སྐོར། ཟོག་འགྲེམས་སོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྐྱེན་གལ་ཆེན་ཐེབས་ཡོད། ད་ཆ་ཕེ་ལེ་ཧྲ་ཚི་ཟམ་ཆེན་དེ་ཁ་རེ་ཤེ་ཡའི་ལྷོ་རྒྱུད་ཀྱི་གནས་རྟགས་རང་བཞིན་གྱི་སྐྲུན་དངོས་ཤིག་ཏུ་གྱུར་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།