དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་རྒྱལ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-02

    འདི་ནི་པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་ཤི་ཧའེ་འདམ་ར་ཡིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་པེ་ཅིང་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིང་གི་ལས་དོན་ཐད་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བློ་བརྟན་འགྱུར་མེད་ཀྱིས་དོན་འཁྱོལ་བྱས་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་སྤུས་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་རྒྱལ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས་པ་རེད།

    གྲོང་ཁྱེར་གྱི་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ནས་PM2.5ལོའི་ཆ་སྙོམས་གར་ཚད་2013ལོ་ལས་64.2%ཆག་པས“པེ་ཅིང་གི་ནམ་མཁའ་གཡའ་དག་པ”རྒྱུན་གཏན་དུ་གྱུར་པ་དང་། ས་ཁོངས་ཧྲིལ་པོ་རྒྱལ་ཁབ་ནགས་ཚལ་གྲོང་ཁྱེར་དུ་བདེ་བླག་ངང་འཛུགས་གཏོད་བྱས་ནས་གྲོང་ཁྱེར་ཡོངས་སུ་སྤྱི་གླིང་བསྡོམས་1065ཟིན་ནས“སྤྱི་གླིང་སྟོང་གི་གྲོང་ཁྱེར”དུ་གྱུར་པ་རེད།

    ནུས་རྒྱུ་ལྗང་མདོག་ཕྱོགས་སྒྱུར་མགྱོགས་སུ་རྒྱུན་ཆད་མེད་པར་བཏང་ནས་ལྗང་མདོག་སྒུལ་ནུས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ཡོད། གྲངས་གཞི་ལས་མངོན་པར། པེ་ཅིང་གྲོང་ཁྱེར་གྱིས་རིམ་རྩིས་བྱས་ན་སྤྱིར་བཏང་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་3000ལྷག་ཙམ་ཁ་བཀྲམ་པ་དང་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ་112བཙུགས་ཡོད། ད་ལོའི་ལོ་སྟོད་དུ་གྲོང་ཁྱེར་ཡོངས་ཀྱི་ལྗང་མདོག་གློག་སྤྱོད་ཀྱི་གཞི་ཁྱོན་ཆན་ཝ་ཆུ་ཚོད་དུང་ཕྱུར་197ཟིན་པ་དེ་དུས་མཚུངས་ལས་17.9%འཕར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།