དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི“རྒྱུད་གཅིག་ལམ་གཅིག”གི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཁྲེང་ཏུར་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-09-02

    2024ལོའི“རྒྱུད་གཅིག་ལམ་གཅིག”གི་སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཟླ་8ཚེས་28ཉིན་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་གྲོང་ཁྱེར་དུ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད།

    ཚོགས་ཞུགས་སྐུ་མགྲོན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་ནི་ཀྲུང་གོས་བཏོན་པ་དང་གྲུབ་འབྲས་དང་གོ་སྐབས་འཛམ་གླིང་ལ་དབང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2013ལོར་གྲོས་འགོ་གལ་ཆེན་འདི་བཏོན་གནང་བ་ནས་བཟུང་། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མེད་པ་ནས་ཡོད་པ་དང་དེ་ནས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་དངོས་དངོས་རྗེན་རྗེན་དང་ལྗིད་ཏིག་ཏིག་གི་གྲུབ་འབྲས་ཆེན་པོ་ཐོབ་པ་མ་ཟད། འཛམ་གླིང་འབྲེལ་མཐུད་དང་མཛེས་སྡུག་མཉམ་སྤྱོད་ཀྱི་ངོ་མཚར་བཏོད་ཡོད་ཅེས་བརྗོད་པ་རེད།

    ཚོགས་ཞུགས་སྐུ་མགྲོན་ཚོས། སྨྱན་སྦྱོར་ནི་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་བྱེད་པའི་སྐར་ཁུང་ཡིན་ལ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བའི་འབྲེལ་ཐག་ཀྱང་ཡིན་པས། ཕྱོགས་ཁག་གི་མཉམ་ལས་གཉིས་ཕན་གྱི་གཏམ་རྒྱུད་ཐུན་མོང་ཐོག་ཡག་པོ་ཤོད་པ་དང་དངོས་སྒྲུབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་འཁུར་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་དང་འཛམ་གླིང་ལ་ཕུལ་བའི་དགེ་མཚན་ལྡན་པའི་ལེགས་སྐྱེས་སྤེལ་གཏོང་གཏིང་ཟབ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།

    ད་ཐེངས་ཀྱི་གླེང་སྟེགས་ནི། མི་དམངས་ཉིན་རེའི་ཚགས་པར་ཁང་དང་། ཀྲུང་གུང་སི་ཁྲོན་ཞིང་ཨུད། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཉེར་བ་དང་བརྗོད་དོན་གཙོ་བོ་ནི“སྨྱན་སྦྱོར་མཉམ་ལས་ཟབ་ཏུ་བཏང་ནས་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན། རྒྱལ་ཁབ་76ནས་ཡོང་བའི་སྨྱན་སྦྱོར་ཚན་པ་191གི་འགན་འཁུར་བ་དང་། རྩོམ་སྒྲིག་པ་དང་གསར་འགོད་པ། འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན། རིགས་གཅིག་མཁས་ཅན་དང་མཁས་དབང་། ཁེ་ལས་ཀྱི་འཐུས་མི་སོགས་200ལྷག་ཙམ་ཚོགས་འདུར་ཞུགས་པ་རེད། གླེང་སྟེགས་ཐོག《“རྒྱུད་གཅིག་ལམ་གཅིག”གི་སྨྱན་སྦྱོར་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཁྲེང་ཏུའི་གྲོས་འགོ》ཁྱབ་བསྒྲགས་བྱས་པ་དང་། གླེང་སྟེགས་འཚོག་རིང“རྒྱུད་གཅིག་ལམ་གཅིག”གི་གསར་འགྱུར་མཉམ་ལས་མནའ་འབྲེལ་གྱི་ལས་འཛིན་ཚོགས་འདུ་སྐབས་གསུམ་པ་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།