ལན་ཀྲོའུ་ཀྲུང་ཁྲོན་རྒྱལ་སྤྱིའི་གནམ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭའི་ཕྱོགས་བསྡུས་འགྲིམ་འགྲུལ་གྱི་གྲུབ་ཆ་གཙོ་བོ་ཉིན་ཤས་གོང་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་བ།
ལན་ཀྲོའུ་ཀྲུང་ཁྲོན་རྒྱལ་སྤྱིའི་གནམ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭའི་ཕྱོགས་བསྡུས་འགྲིམ་འགྲུལ་ལྟེ་བ་ནི་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་གྲྭ་འཛུགས་སྐྲུན་གྱི་རྣམ་གྲངས་གལ་ཆེན་ཞིག་ཡིན་ཞིང་། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ལས་གྲྭ་ཚོགས་པས་བསྐྲུན་འགན་འཁུར་ཡོད། དེའི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི་35ཡོད་པའི་ནང་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ་སོགས་འགྲིམ་འགྲུལ་སྣ་ཚོགས་འདུས་ཡོད། གསར་དུ་བསྐྲུན་པའི་གནམ་ཐང་གི་ལམ་ཟམ་ནས་རླངས་འཁོར་བསྡད་དེ་ལན་ཀྲོའུ་གྲོང་ཁྱེར་དུ་སྐྱོད་སྐབས་དེ་སྔ་ཆུ་ཚོད་1འགོར་བ་ནས་ད་ལྟ་ཆུ་ཚོད་ཕྱེད་ཀ་ལས་འགོར་གྱི་མེད།