དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་མཁས་དབང་ལ་འཕྲིན་ལན་སྤྲིངས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-09-02

    ཟླ་8ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་50ཡི་མཁས་དབང་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་བཙུགས་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བྱེད་པར་རིག་སྟོབས་ཀྱི་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུའི་སྐུལ་ལྕག་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཡུན་རིང་མ་སོང་གོང་། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་པའི་དུས་རབས་ཀྱི་དུང་བརྡ་བཏང་ཡོད། ཞི་བདེ་འཕེལ་རྒྱས་དོན་གཉེར་དང་བློ་རྩ་བརྟན་པོས་སྒྱུར་བཅོས་སྒོ་དབྱེ་བྱེད་པའི་ཀྲུང་གོ་ཞིག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་ཕྱིན་པ་དེས་འཛམ་གླིང་ཞི་བདེ་དང་རྒྱལ་སྤྱིའི་དྲང་བདེན་གྱི་སྟོབས་ཤུགས་སྔར་བས་ཆེ་རུ་ཕྱིན་ནས་འཛམ་གླིང་གི་དེང་རབས་ཅན་གྱི་འཕེལ་རིམ་དང་། ལྷག་པར་དུ། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”འཕེལ་རྒྱས་དང་དར་རྒྱས་ཡོང་བར་འཛད་མཐའ་མེད་པའི་སྒུལ་ཤུགས་སྣོན་ངེས་ཡིན།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ནི་སྔར་ནས་བཟུང་ལས་དབང་གཅིག་མཐུན་ཚོགས་པ་ཡིན། ཟང་ཟིང་དང་འགྱུར་ལྡོག་མཉམ་དུ་འདྲེས་པའི་འཛམ་གླིང་གི་དུས་བབ་ཀྱི་མདུན་དུ་ཀྲུང་གོ་དང་ཨ་ཧྥེ་རི་ཁ་གཉིས་ཀྱིས་སྔོན་ཆད་ཀྱི་དུས་གང་ཞིག་ལས་ཀྱང་མཐུན་སྒྲིལ་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་དབུ་ཚོགས་སྐབས་གསར་པ་འཚོག་ཉེར་ཡོད་པས། ཀྲུང་གོ་དང་ཨ་ཧྥེ་རི་ཁ་ཕྱོགས་གཉིས་པོའི་འགོ་ཁྲིད་པ་སླར་ཡང་ལྷན་འཛོམས་ཀྱིས་ཀྲུང་ཧྥེའི་མཉམ་ལས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་མོལ་གནང་ནས་ཀྲུང་ཧྥེའི་འབྲེལ་བའི་དེ་བས་འོད་སྟོང་འཕྲོ་བའི་མདུན་ལམ་གཏོད་རྒྱུ་རེད། ཁྱེད་ཚོས“ཀྲུང་ཧྥེའི་ཏ་ལེ་སི་ས་ལ་མུའི་ཐུན་མོང་ངོས་འཛིན”གྱི་རྨང་གཞིའི་ཐོག“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་ཀྱི་འཕེལ་རྒྱས་འགྲོ་ལམ་དང་། ཀྲུང་ཧྥེ་དང་ལྷོ་ལྷོ་མཉམ་ལས་ལ་ཞིབ་འཇུག་དང་འཚོལ་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས། ཆུ་ཚད་མཐོ་བའི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱ་ཆེད་རིག་སྟོབས་ཀྱི་རྒྱབ་སྐྱོར་གལ་ཆེན་མུ་མཐུད་བྱེད་པའི་རེ་བ་ཡོད།

    ཉེ་ཆར། ལྷོ་ཨ་ཧྥེ་རི་ཁའི་ཕྱི་འབྲེལ་དཔོན་བསླབ་པ་རྒན་གྲས་ཟུར་པ་དང་ཀྲེ་ཅང་དགེ་འོས་སློབ་ཆེན་ཨ་ཧྥེ་རི་ཁ་ཞིབ་འཇུག་ཁང་གི་མཚན་འཛིན་དགེ་རྒན་ཆེ་མོ་བ་ཀེ་ལུའོ་པུའུ་ལེས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་50ནས་ཡོང་བའི་མཁས་དབང་63དང་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་མིང་མཉམ་བཀོད་ཀྱི་འཕྲིན་ཡིག་བསྐུར་ནས་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་མ་ཟད། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་ཀྱི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཚད་མཐོའི་བསྔགས་བརྗོད་བྱས་པ་དང་སྦྲགས། གླེང་སྟེགས་དབུ་ཚོགས་སྐབས་གསར་པས་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་དང་། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་དེང་རབས་ཅན་མཉམ་དུ་བསྐྲུན་ཆེད་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།