དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-02

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཉེ་ཆར་ཚོགས་འདུ་འཚོགས་ནས《ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་གཏན་འབེབས་འགའ་ཞིག》ལ་གྲོས་ཞིབ་བྱས་ཏེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པར་ངེས་པར་དུ་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་དགོས་པའི་བརྡ་རྟགས་དྲག་པོ་རྒྱུན་ཆད་མེད་པར་བཏང་ཡོད།

    རང་རེའི་ཏང་གིས་སྔ་ཕྱི་བར་གསུམ་དུ་ཕྱི་ཚུལ་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། བློ་མཐུན་མའོ་ཙེ་ཏུང་གིས་ཕྱི་ཚུལ་རིང་ལུགས་ནི་བྱིས་བློ་དང་། མ་རབས། ཐ་ཤལ། ཀླད་མེད་བཅས་ཀྱི་བྱ་སྤྱོད་ཅིག་རེད་ཅེས་སྐྱོན་བརྗོད་ནན་པོ་གནང་མྱོང་བ་མ་ཟད། ཕྱི་ཚུལ་རིང་ལུགས་ཀྱིས་མི་སྲོག་འཕྲོག་གི་རེད་ཅེས་རྣག་ཐོག་བཙག་འཁེལ་གྱི་སྒོ་ནས་བསྟན་གནང་མྱོང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཞི་རིམ་ལ་དཀའ་ངལ་བཟོ་མཁན་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་ཐད་ལ་ཆུང་ས་ཡིན་ཡང་གསལ་པོར་གཟིགས་ཤིང་། ཁོང་གིས“ཕྱི་ཚུལ་རིང་ལུགས་ཀྱི་ངོ་བོ་ནི་རང་ཤེད་རིང་ལུགས་དང་ཁེ་ཕན་རིང་ལུགས་རེད། འབྱུང་རྩ་ནི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བར་གནས་འཛོལ་ཤོར་བ་དང་འགན་སེམས་མེད་པ་ཆགས་པས་རེད། འདིས་ཚ་ཚ་འུར་འུར་གྱི་རྣམ་པས་དོན་འཁྱོལ་ཏན་ཏིག་བྱེད་པའི་ཚབ་བྱས་པ་དང་བཀྲག་མདངས་ཆེ་བའི་ཕྱི་ཚུལ་གྱིས་འགལ་བ་དང་གནད་དོན་བཀབ་ཡོད”ཅེས་དང“ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་རང་རེའི་ཏང་གི་ངོ་བོ་རྩ་དོན་དང་སྤྱོད་ཚུལ་བཟང་པོ་དང་གཏན་ནས་མཐུན་གྱི་མི་འདུག དེ་ནི་རང་རེའི་ཏང་གི་དགྲ་བོ་ཆེན་པོ་དང་མི་དམངས་ཀྱི་དགྲ་བོ་ཆེན་པོ་རེད”ཅེས་གཏིང་ཟབ་བསྟན་གནང་ཡོད།

    “ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་གཅོང་ནད་ཅིག་ཡིན་པས་ངེས་པར་དུ་ནུས་ཤུགས་ཡོད་རྒུས་རྩ་བཅོས་མཐའ་གཅིག་ཏུ་བྱེད་དགོས། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་ངོས་ནས་བཤད་ན། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ནི་དཔེ་མཚོན་རང་བཞིན་གྱི་དགོས་པའི་ལས་མི་བྱེད་པར་མི་དགོས་པའི་ལས་རྙོག་བཟོ་བའི་མཚོན་ཚུལ་རེད་ལ། སྲིད་དོན་ལ་སྒྱིད་ལུག་དང་སྲིད་དོན་ཧོལ་རྒྱུག་གཏོང་བའི་མཚོན་ཚུལ་ཡང་རེད། རྩ་འཛུགས་ཀྱི་ངོས་ནས་བཤད་ན། ཕྱི་ཚུལ་རིང་ལུགས་ནི་མི་རྒྱུ་གཉིས་ཀ་འཕྲོ་བརླག་གཏོང་བ་དང་། སྒྱུར་བཅོས་བྱེད་པའི་མང་ཚོགས་ཀྱི་སེམས་ཤུགས་གཅོག་པ། ཏང་དང་མང་ཚོགས་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བར་གཏོར་བཤིག་ཚབས་ཆེན་གཏོང་བ། ཐ་ན་ཏང་སྲོལ་དང་སྲིད་སྲོལ་ཉམས་རྒུད་གཏོང་བ་བཅས་ཀྱི་དུག་ལྡན་ནད་ཡམས་ཤིག་རེད། དེས་ན་ཕྱོགས་གཅིག་ནས་སྒྱུར་བཅོས་ཀྱི་བཀོད་འདོམས་དབྱུག་པ་བེད་སྤྱོད་ཡག་པོ་གཏོང་དགོས་ཤིང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་བཅོས་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། གོང་ནས་འོག་བར་དུ་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ཚུལ་མིན་སྣང་ཚུལ་སྔོན་འགོག་དང་ཡོ་བསྲང་བྱེད་དགོས་པ་དང་། ད་དུང་དཀའ་ངལ་ལ་སྐྲག་པ་དང་། འབེན་མེད་སར་མདའ་འཕེན་པ། དོན་སྟོང་ལ་ཞེན་ཆགས་པ། རང་གནས་རིང་ལུགས་འཛིན་པ། ཁྲལ་སེལ་སླ་བཅོས་བྱེད་པ། རང་འགན་གཞན་ལ་དཀྲི་བ། སྟག་མགོ་སྦྲུལ་མཇུག་བྱེད་པ་སོགས་བཅོས་སྒྲིག་མཐའ་གཅིག་ཏུ་བྱེད་དགོས། དེ་བཞིན་ལེགས་པར་བྱ་དགའ་སྤྲོད་པ་དང་ཞན་པར་ཆད་གཅོད་བྱས་ནས་འཁྱོག་འཛོལ་ཡོ་བསྲང་བྱེད་དགོས། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་ཡོངས་སུ་ཕྱི་ཚུལ་རིང་ལུགས་ལ་མི་ཚང་མས་རྡུང་རྡེག་གཏོང་བ་དང་གོང་འོག་ཚང་མས་ཕྱི་ཚུལ་རིང་ལུགས་སྣ་ཚོགས་བཀག་འགོག་མཐའ་གཅིག་ཏུ་བྱེད་པའི་བཀོད་སྒྲིག་དང་བླང་བྱ་བཏོན་པ་ལས། གུས་སྲོལ་ཉག་ཉོག་དང་། ཚོགས་འདུ་དང་ཡིག་ཆ་མང་པོ། བསུ་སྐྱེལ་ཆད་མེད་བཅས་མི་དམངས་མང་ཚོགས་ཞེན་པ་ལོག་པ་དང་འཁོན་སེམས་སྐྱེ་བའི་ཕྱི་ཚུལ་གྱི་བྱ་སྤྱོད་མཐའ་དག་གཏན་ནས་སྤེལ་རྒྱུ་མེད།

    གཞི་རིམ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི“མཐའ་མའི་འགག་གནད”ཡིན་པས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་འཆིང་རྒྱར་མི་ཚུད་པར་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་གྱིས་གཞི་རིམ་ལས་བྱེད་པའི་དུས་ཚོད་འབོར་ཆེན་བཟུང་བ་དང་ནུས་ཤུགས་འབོར་ཆེན་ཟད་པའི་གནས་ཚུལ་ཐོན་རྒྱུ་སྔོན་འགོག་བྱས་ནས་སྒྱུར་བཅོས་དེ“མགོ་ཚོས་ལ་མ་ཚོས”སུ་མི་འགྱུར་བ་བྱེད་དགོས། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ལས་འགན་ཁག་ལ་སྐུལ་འདེད་གཏོང་རིང་ང་ཚོས་སྲིད་དོན་གྲུབ་འབྲས་ཀྱི་ལྟ་བ་ཡང་དག་པ་བཙུགས་ཏེ། འགན་འཁྲི་སེམས་སུ་འཇོག་པ་དང་། འགན་འཁྲི་ལུས་ཐོག་ཏུ་འཁུར་བ། འགན་འཁྲི་དོན་དུ་འཁྱོལ་བ། “ཏན་ཏིག”ཨང་དང་པོར་འཇོག་པ། “དངོས་སྒྲུབ”ཐོག་མར་བྱེད་པ། ཐོག་ལྟར་དྲག་ལ་རླུང་ལྟར་མྱུར་བའི་སྒོ་ནས་སྒྱུར་བཅོས་ལ་དམ་འཛིན་བྱེད་པ། སྤྱོད་ཚུལ་ལུགས་མཐུན་གྱིས་སྒྱུར་བཅོས་ལ་དམ་འཛིན་བྱེད་པ། དངོས་ཐོག་བདེན་འཚོལ་གྱིས་སྒྱུར་བཅོས་ལ་དམ་འཛིན་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྒྱུར་བཅོས་ལ་དམ་འཛིན་བཅས་བྱས་ཏེ། ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གསར་འབྱེད་བྱེད་དགོས་ལ། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཡོད་པར་བྱེད་པའི་སྙིང་སྟོབས་ཐོག་ནས་གནས་ཚུལ་དངོས་ལ་རྟོག་ཞིབ་དང་། བྱེད་ཐབས་དངོས་འདོན་པ། བྱ་བ་དངོས་སྒྲུབ་པ། ཕན་འབྲས་དངོས་བརྩོན་ལེན་བཅས་ལ་ཤུགས་རྒྱག་པ་དང་། རྩལ་ནུས་དངོས་མང་ཙམ་འདོན་པ་དང་ཁྲལ་སེལ་སླ་བཅོས་ཉུང་ཙམ་བྱེད་པ། ལས་དོན་དངོས་མང་ཙམ་སྒྲུབ་པ་དང་དོན་མེད་སྟོང་གཏམ་ཉུང་ཙམ་ཤོད་པ། གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པ་རྡོག་ཁྲེས་ཕབ་ནས་ལས་ཀར་ཞུགས་པ། དུས་ཚོད་དང་སེམས་ཤུགས་སྒྱུར་བཅོས་ལ་དམ་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དངོས་འབྲེལ་སྤྱོད་པ། མང་ཚོགས་ཀྱི་ཆེད་དུ་རྨང་གཞི་འདིང་ཞིང་ཕུགས་ལ་ཕན་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཙམ་སྒྲུབ་པ། དངོས་སྒྲུབ་རྫུན་སྒྲུབ་ཀྱི་དབྱེ་བ་ཡོད་པ་དང་། ལས་ཀ་མང་ཉུང་གི་དབྱེ་བ་ཡོད་པ། ལས་ཀ་ཡག་ཉེས་ཀྱི་དབྱེ་བ་ཡོད་པ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།