དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས།

    “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་ཆེད་སྤུས་ལེཌ་ནུས་ཆེའི་ཁྲིམས་འཛིན་ཞབས་འདེགས་ཞུས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-02

    ཚེས་30ཉིན་གསར་འགོད་པར་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”འདེགས་སྐྱོར་དང་ཞབས་འདེགས་ཞུ་བའི་ཁྲིམས་འཛིན་འདྲི་གཅོད་ཀྱི་དཔེ་མཚོན་གྱོད་དཔེའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་སྣ་ཚོགས་ཁྱོན་ཁྲི་5.47ལྷག་ཙམ་བདག་སྤྲོད་བྱས་པ་དང་འདྲི་གཅོད་ཚད་བཀག་ནང་གྱོད་ཐག་བཅད་ཚད་99.75%ཟིན་པ་དང་། སྤྱི་ཡོངས་ཀྱི་དཔྱད་གཞིའི་ཁྱབ་ཁོངས་གྲངས་ཐང་བཟོས་པའི་དམིགས་ཚད་ཁག་20ཡི་ནང་དམིགས་ཚད་ཁག་13ལུགས་མཐུན་གྱི་ཁྱབ་ཁོངས་ལས་ལེགས་པ་དང་དེར་གནས་ཡོད་པ། འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་ཁག་13ཞིབ་འཇུག་གིས་བཟོས་ནས་རང་ལྗོངས་ཀྱི“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་ཆེད་སྤུས་ལེགས་ནུས་ཆེའི་ཁྲིམས་འཛིན་ཞབས་འདེགས་ཞུས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལོ་སྟོད་དུ་ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོས་པའི་ཉེས་གསོག་དང་། ལྐོག་ཟ་ལྐོག་རྔན་བླངས་པའི་ཉེས་གསོག གཏུམ་སྤྱོད་ཚབས་ཆེན་གྱི་ཉེས་གསོག་བཅས་ཁག་གཅིག་ལ་ཁྲིམས་ལྟར་རྡུང་རྡེག་ཚ་ནན་བཏང་སྟེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་དང་ཁྲིམས་སྐྱོང་བོད་ལྗོངས་བསྐྲུན་པར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་འཛིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ན་སོ་དར་ལ་མ་བབས་པའི་མིའི“གསུམ་གཅིག་སྒྲིལ”གྱི་འདྲི་གཅོད་ཚོགས་པ་འཛུགས་པ། ཁྲིམས་སྐྱོང་སློབ་སྤྱི་གཞོན་པའི་ལས་ཀའི་ལམ་སྲོལ་འཛུགས་པ་བཅས་བྱས་ཏེ་ཕྲུ་གུ་ནས་འགོ་བཙུགས་ཏེ། གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་འདུ་ཤེས་དང་མི་རིགས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོར་བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།