དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སྒོ་བསྟེན་སྨན་ཁང་གིས་དངོས་སུ་ནད་བརྟག་སྨན་བཅོས་བྱེད་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-09-02

    ཚེས་30ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང(བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང)སྒོ་བསྟེན་སྨན་ཁང་གིས(གཡུ་ཐོག་ལམ)དངོས་སུ་ནད་བརྟག་སྨན་བཅོས་བྱེད་འགོ་ཚུགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང(བོད་རང་སྐྱོང་ལྗོངས་བོད་ལུགས་གསོ་རིག་དང་བོད་སྨན་ཞིབ་འཇུག་ཁང)སྒོ་བསྟེན་སྨན་ཁང་གི་དེ་སྔའི་མིང་ལ“ལྷ་ས་སྨན་རྩིས་ཁང”ཟེར་ཞིང་། 1916ལོར་བཙུགས་པ་དང་། 1979ལོར་རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་ལྷ་ས་གྲོང་ཁྱེར་སྨན་རྩིས་ཁང་སྒོ་བསྟེན་སྨན་ཁང་བསྐྲུན་པ་དང་། 1980ལོར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དུ་རིམ་པ་སྤར་བ་དང་ད་བར་ལོ་བརྒྱ་ལྷག་ཙམ་རྒྱུན་འཛིན་འཕེལ་རྒྱས་ཀྱི་ལོ་རྒྱུས་ལྡན་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དོ་དམ་ཅུས་ཀྱིས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་སྒོ་བསྟེན་སྨན་ཁང་འདི་ཉིད་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་ལས་གྲྭའི་གཙོ་གནད་ཀྲུང་ལུགས་སྨན་ཁང་འཛུགས་སྐྲུན་རྣམ་གྲངས་ནང་བཅུག་ནས། ད་ཆའི་ཇུས་འགོད་ཚན་རིག་དང་མཐུན་ཞིང་བྱེད་ནུས་ཆ་ཚང་བའི་སྒོ་བསྟེན་ཐོག་བརྩེགས་ཁང་ཆེན་གསར་པ་ཞིག་ཏུ་བསྐྲུན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།