དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི་རྒྱལ་ཡོངས་ཀྱི་ཞབས་ཞུའི་འཛད་སྤྱོད་དུས་ཚིགས་ཧྲང་ཧའེ་རུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-01

    ཉེ་ཆར། 2024ལོའི་རྒྱལ་ཡོངས་ཀྱི་ཞབས་ཞུའི་འཛད་སྤྱོད་དུས་ཚིགས་དང་ཧྲང་ཧའེ་ཡི་ཞབས་ཞུའི་འཛད་སྤྱོད“+”ཀྱི་དུས་ཆེན་འགོ་ཚུགས་པའི་མཛད་སྒོ་ཧྲང་ཧའེ་རུ་འཚོགས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོའི“ཞབས་ཞུའི་འཛད་སྤྱོད་དུས་ཚིགས”ཀྱི་བྱེད་སྒོ་ནི་ཚོང་དོན་པུས་སྣེ་ཁྲིད་དེ་ཞབས་ཞུའི་འཛད་སྤྱོད་བརྗོད་དོན་གཙོ་བོར་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྒྲིག་འཛུགས་བྱེད་ཐེངས་དང་པོ་དེ་རེད། བྱེད་སྒོ་དེ“སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་ར་འཁོར་སྐྱོད། སྤུས་ཚད་མཐོར་གཏོང་དང་རྒྱ་སྐྱེད། དམངས་དང་ཁེ་ལས་ལ་ཕན་འདོགས་པ”བཅས་ཀྱི་རྩ་དོན་གཞིར་བཟུང་སྟོབས་ཤུགས་གཅིག་སྒྲིལ་གྱིས“1+12+N”བྱེད་སྒོ་སྤེལ་ནས་འཛད་སྤྱོད་བྱ་ཡུལ་མང་བ་སྐྱེད་སྲིང་དང་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱ་རྒྱུ་རེད། དེ་ཡང“1”ཞེས་པ་ནི་འགོ་ཚུགས་མཛད་སྒོ་གཅིག་དང་། “12”ཞེས་པ་ནི་འབྲེལ་ཡོད་སྡེ་ཚན་གྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་རང་བཞིན་གྱི་གཙོ་གནད་བྱེད་སྒོ་ཁག་12 “N”ཞེས་པ་ནི་ས་གནས་ཁག་དང་རྒྱལ་ཡོངས་རང་བཞིན་གྱི་ལས་རིགས་མཐུན་ཚོགས་དང་དེ་བཞིན་དངུལ་ཁང་གཏོང་སྤྲོད་མཇུག་རྩིས་སྒྲིག་གཞི་དང་དྲ་ཐོག་ཚོང་དོན་ལས་སྟེགས་བཅས་ཀྱིས་གཙོ་གཉེར་བྱས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་ཁག་110ལྷག་ཙམ་ལ་ཟེར་བ་ཡིན།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།