དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཅི་ནན་གྲོང་ཁྱེར་གྱིས་བོད་ལྗོངས་པ་སྣམ་རྫོང་ལ་རོགས་སྐྱོར་བྱས་ནས།

    རྨང་གཞིའི་ས་ཁམས་ཆ་འཕྲིན་འཚོལ་བསྡུ་དང་མ་ལག་སྐྲུན་པའི་ལས་དོན་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-01

    ཉེ་ཆར། ཅི་ནན་གྲོང་ཁྱེར་བོད་སྐྱོར་རྣམ་གྲངས་ཚོགས་ཆུང་གི་འབད་བརྩོན་འོག་བོད་ལྗོངས་པ་སྣམ་རྫོང་གི་རྨང་གཞིའི་ས་ཁམས་ཆ་འཕྲིན་འཚོལ་བསྡུ་དང་མ་ལག་སྐྲུན་པའི་ལས་དོན་ཁག་དངོས་སུ་སྤེལ་འགོ་ཚུགས་ཤིང་། མིག་སྔར་མི་མེད་གནམ་གྲུས་གྲངས་གཞི་བསྡུ་ལེན་སོགས་ཕྱི་རོལ་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་པ་དང་། རྗེས་མཐུད་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ས་འོག་མདོང་ལམ་གྱི་གྲངས་གཞིར་ཆ་མི་ཚང་བ་དང་གནད་ལ་མི་འཁེལ་བའི་གནད་དོན་ཡོད་པར་དམིགས་ཏེ་པ་སྣམ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་དང་པ་སྣམ་རྫོང་རང་བྱུང་ཐོན་ཁུངས་ཅུས་ཀྱིས་མཉམ་དུ་ཅི་ནན་གྲོང་ཁྱེར་རང་བྱུང་ཐོན་ཁུངས་དང་འཆར་འགོད་ཅུས་ལ་པ་སྣམ་རྫོང་གི་རྨང་གཞིའི་ས་ཁམས་ཆ་འཕྲིན་འཚོལ་བསྡུ་དང་གྲངས་གཞིའི་ལས་སྟེགས་སྐྲུན་རོགས་བྱ་རྒྱུའི་གདན་ཞུའི་ཡི་གེ་བཏང་བ་རེད།

    པ་སྣམ་རྫོང་གི་དགོས་མཁོ་གཞིར་བཟུང་། ད་ཐེངས་བོད་སྐྱོར་རྣམ་གྲངས་ཀྱིས་གཙོ་བོ་དྲང་འཕྲོ་དང་དངོས་ལྗོངས་ཀྱི་རྩ་གསུམ་དཔེ་དབྱིབས་བཟོ་འགོད་དང་། རྫོང་གྲོང་གི་1:500ས་དབྱིབས་རི་མོ་བཟོ་བཅོས་ཚད་ལེན། རྫོང་གྲོང་གི་ས་འོག་མདོང་ལམ་གྱི་དངོས་རྫས་འཚོལ་ཞིབ་ཚད་ལེན། ས་ཁམས་ཆ་འཕྲིན་མ་ལག་དོ་དམ་གྱི་གྲངས་གཞིའི་ལས་སྟེགས་སྐྲུན་པ་བཅས་ལས་དོན་ཁག་བཞི་ལེགས་སྒྲུབ་བྱས་ཡོད། རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་པ་སྣམ་རྫོང་གི་ས་འོག་བར་མཐོངས་ཆ་འཕྲིན་དང་འབྲེལ་ཡོད་རྨང་གཞིའི་ས་ཁམས་ཆ་འཕྲིན་གྱི་སྟོང་ཆ་གསབ་རྒྱུ་དང་། རྣམ་གྲངས་གྲུབ་འབྲས་ཀྱིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། རང་བྱུང་ཐོན་ཁུངས་དོ་དམ། འཕྲལ་སྡོམ་དོ་དམ། འགྲིམ་འགྲུལ་དོ་དམ་བཅས་ཚུད་པའི་རྗེས་མཐུད་ཀྱི་གྲོང་ཁྱེར་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ལ་གཅིག་གྱུར་གྱི་བར་མཐོངས་དཔེ་དབྱིབས་མཁོ་འདོན་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།