དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “མི་དམངས་སྤྱི་བདེ་ཡུལ་འདི་ནས་ཐོན”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-01

    སྤྱི་བདེ་དཔུང་ཁག་གི་ལྷག་བསམ་ཟོལ་མེད་ཀྱི་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ་དང་། མི་དམངས་སྤྱི་བདེས་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན། ཉེན་རྟོག་པ་ཡོངས་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་སྤྱི་བདེའི་སྟོབས་ཤུགས་དེ་བས་ཆེ་བ་འབུལ་རྒྱུར་སྐུལ་ལྕག་གཏོང་བ་བཅས་བྱ་ཆེད། ཉེ་ཆར། ཅང་ཤིས་རུའེ་ཅིན་དུ“མི་དམངས་སྤྱི་བདེ་ཡུལ་འདི་ནས་ཐོན”ཞེས་པའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་འཚོགས་ཤིང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། སྤྱི་བདེ་པུའུ། ས་གནས་ཁག་གི་སྤྱི་བདེ་ལས་ཁུངས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་། སྤྱི་བདེའི་དཔའ་བོ་དཔེ་བཟང་གི་འཐུས་མི། སྨྱན་སྦྱོར་གྱི་འཐུས་མི་བཅས་ཁྱོན་མི་130ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

    ཤེས་རྟོགས་བྱུང་བ་ལྟར་ན། བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོའི་རིང་། སྤྱི་བདེ་པུའུ་ཡིས་སྤྱི་བདེ་ལས་ཁུངས་ཀྱིས་གསར་བརྗེའི་སྲོལ་རྒྱུན་བཟང་པོ་སློབ་སྦྱོང་དང་དར་སྤེལ་གཏོང་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་། འཐབ་ས་དང་པོའི་དྲིལ་བསྒྲགས་དང་གནས་ཚུལ་གཏོང་སྤེལ་གྱི་བྱེད་སྒོ་སྤེལ་བ། རྒྱལ་ཡོངས་ཀྱི“སྤྱི་བདེའི་མིག་དཔེ”དྲིལ་བསྒྲགས་ཀྱི་ལས་དོན་སྒྲིག་འཛུགས། ཀྲུང་གོ་མི་དམངས་ཉེན་རྟོག་པའི་དུས་ཆེན་གྱི་དམིགས་བསལ་ལེ་ཚན་དང་མི་དམངས་སྤྱི་བདེའི་ལོ་རྒྱུས་ཀྱི་བརྗོད་དོན་གཙོ་བོའི་བརྙན་ཐུང་རབ་དང་རིམ་པ་ཇུས་འགོད་དང་སྒྲིག་བཟོ། ཆེད་དོན་པར་གཞི་རབ་དང་རིམ་པ་འདོན་པ་སོགས་བྱས་ནས་སྤྱི་བདེའི་ལྷག་བསམ་ཟོལ་མེད་ཀྱི་རིག་གནས་དང་གསར་བརྗེའི་སྲོལ་རྒྱུན་བཟང་པོའི་སློབ་གསོ་མུ་མཐུད་སྤེལ་བ་དང་། རྒྱ་ཆེའི་སྤྱི་བདེ་མི་དམངས་ཉེན་རྟོག་པའི་རྒྱུན་མཐུད་འབད་བརྩོན་དང་ཞུམ་མེད་འབད་འབུངས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ། སྤྱི་བདེ་ལས་ཁུངས་ཀྱི་གཞུང་འཁྱོངས་གསར་འབྱེད་དང་ཟོལ་མེད་འགན་ཁུར་ཐད་ཐོབ་པའི་མངོན་གསལ་དོད་པའི་ཕན་འབྲས་མཚོན་པ་བཅས་བྱས་པ་མ་ཟད། ཉེན་རྟོག་པ་ཡོངས་ཀྱིས་གཟུགས་བརྙན་གསར་པ་དང་ཐེག་པ་ཁུར་ལེན་གསར་པར་བརྟེན་ནས་སྤྱི་བདེ་ལས་དོན་དེང་རབས་ཅན་ལ་ཞབས་ཞུ་དང་འགན་ལེན་བྱེད་པར་ཁྲིད་སྟོན་དང་ལྕག་སྐུལ་བྱས་ཡོད། དེ་དང་ཆབས་ཅིག་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ཆབ་སྲིད་ཀྱི་ལྷག་བསམ་ཟོལ་མེད་ལ་བརྟེན་ནས། དམངས་ལ་ཞབས་འདེགས་ཞུ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་པ་དང་། མཉམ་འགུལ་གྱིས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་སྤྱི་བདེ་དཔུང་ཁག་གི་ཐེག་པ་ཁུར་ལེན་གསར་པ་དང་བྱས་རྗེས་གསར་པ་གཅིག་སྡུད་ཐོག་མངོན་པར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།