ཧྲེན་ཀྲེན་རིག་ནུས་འཕྲུལ་མིའི་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་འཚོགས་པ།
འདི་ནི་ལྟད་མོ་བས་རིག་ནུས་འཕྲུལ་མིར་ལྟ་བཞིན་པ། ཉེ་ཆར། “སྟབས་བསྟུན་གསར་གཏོད། འབྱུང་འགྱུར་ལེགས་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཧྲེན་ཀྲེན་རིག་ནུས་འཕྲུལ་མིའི་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་འཚོགས་ཤིང་། ཁེ་ལས་ཚོགས་པ་20ལྷག་ཙམ་གྱིས་ཐོན་རྫས་དང་ལག་རྩལ་མཉམ་དུ་འགྲེམས་སྟོན་བྱས་པ་དེ་བཟོ་ལས་བཟོ་སྐྲུན་དང་། སྨན་བཅོས་བདེ་ཐང་། དམིགས་བསལ་རིགས་ཀྱི་བཟོ་ལས། ཁྱིམ་སྤྱོད་ཞབས་ཞུ་སོགས་ལ་ཁྱབ་ཡོད།