ཟླ་བ་དང་པོ་ནས་བདུན་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་3.6%འཕར་བ།
ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཁེ་སྤོགས་འཕར་བར་ལེགས་སྐྱེས་འབུལ་ཚད་བཅུ་ཆ་དྲུག་ཙམ་ཟིན་པ།
ཉིན་ཤས་གོང་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་གྲངས་གཞི་ལས་མངོན་པར། ཟླ་བ་བདུན་པར་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་བརྟན་པོ་བཏང་བ་དང་བསྟུན་ནས། སྒུལ་ནུས་གསར་པ་རྒྱུན་མཐུད་ངང་སྐྱེད་སྲིང་སྟོབས་ཆེར་ཕྱིན་པ་དང་བཟོ་ལས་ཀྱི་ཐོན་སྐྱེད་བརྟན་པོ་རྒྱུན་འཁྱོངས་ཐུབ་སྟེ་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་རྒྱུན་མཐུད་སླར་གསོའི་རྣམ་པ་མངོན་ཡོད། ཟླ་བ་དང་པོ་ནས་བདུན་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་3.6%འཕར་ཡོད།
བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་འཕར་ཚད་ཅུང་མགྱོགས་སུ་ཕྱིན་པ། ཟླ་བ་བདུན་པར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་4.1%འཕར་ནས་འཕར་ཚད་ཟླ་གཉིས་བསྟུད་མར་མགྱོགས་སུ་ཕྱིན་ཡོད།
བཟོ་ལས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་བརྟན་པོའི་ངང་འཕར་བ། ཁྲོམ་རའི་དགོས་མཁོ་བརྟན་པོའི་ངང་སླར་གསོ་ཐུབ་པ་དང་བསྟུན་ནས་ཐོན་སྐྱེད་དང་ཕྱིར་ཚོང་སྦྲེལ་མཐུད་ཀྱི་ཆུ་ཚད་ཅུང་ལེགས་སུ་ཕྱིན་ཡོད། ཟླ་བ་དང་པོ་ནས་བདུན་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་གཉེར་སྐྱོང་ཡོང་འབབ་དུས་མཚུངས་ལས་2.9%འཕར་ནས་འཕར་ཚད་ལོ་སྟོད་དང་སྙོམས་ཡོད།
ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་ཁེ་སྤོགས་འཕར་རྒྱུར་སྣེ་ཁྲིད་བྱས་པ། ཟླ་བ་དང་པོ་ནས་བདུན་པའི་བར་ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་12.8%འཕར་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་ཁེ་སྤོགས་བརྒྱ་ཆའི་གྲངས་2.1འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།
སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་བརྟན་པོའི་ངང་འཕར་བ། ཟླ་བ་དང་པོ་ནས་བདུན་པའི་བར་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་6.1%འཕར་ནས་བརྟན་པོའི་ངང་འཕར་རྒྱུར་རྒྱུན་འཁྱོངས་ཐུབ་ཡོད།