ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་སྨྱན་སྦྱོར་གྱིས་མཉམ་འབྲེལ་བཅར་འདྲི་བྱས་ནས།
དུས་རབས་གསར་པའི་གཏམ་རྒྱུད་ཡག་པོ་ཤོད་པ།
འདི་ནི་ས་གནས་དེ་གའི་སློབ་མས་ཨེ་ཙེ་ཨོ་ཕི་ཡའི་ལུའུ་པན་བཟོ་ཁང་གི་བཟོ་ལས་ཚོད་འཛིན་དང་ཚོར་ཆས་དངོས་སྦྱོང་ཁང་དུ་སློབ་ཚན་ཉན་བཞིན་པ། 《ཨེ་ཙེ་ཨོ་ཕི་ཡའི་སྔོན་བྱོན་ཚགས་པར》གྱི་གསར་འགོད་པ་མའེ་སའེ་ལེ་ཐེ·པེ་ཧའེ་ལུའུ་ཡིས་པར་བརྒྱབ།
འདི་ནི་ས་གནས་དེ་གའི་སློབ་མས་ཨེ་ཙེ་ཨོ་ཕི་ཡའི་ལུའུ་པན་བཟོ་ཁང་དུ་དགེ་རྒན་གྱི་མཛུབ་ཁྲིད་འོག་འཕྲུལ་མི་བཀོལ་སྤྱོད་བྱེད་སྟངས་སྦྱོང་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཧྲེན་ཞའོ་ཞའོ་ཡིས་པར་བརྒྱབ།
འདི་ནི་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་སྨྱན་སྦྱོར་གྱི་གསར་འགོད་པས་ཞེ་ཀེར་སྤྱི་གླིང་གི་མཛའ་གྲོགས་ཐང་ཆེན་དུ་མཉམ་འབྲེལ་བཅར་འདྲི་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཧྲེན་ཞའོ་ཞའོ་ཡིས་པར་བརྒྱབ།
འདི་ནི་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་སྨྱན་སྦྱོར་གྱི་གསར་འགོད་པས་ཨེ་ཙེ་ཨོ་ཕི་ཡའི་མཁའ་འགྲུལ་ཀུང་སིའི་སྤྱི་ཁྱབ་པུའུ་ཡི་ཐོག་བརྩེགས་ཁང་ཆེན་གྱི་རྣམ་གྲངས་སྐྲུན་ཡུལ་དུ་སྤེལ་རེས་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་དབན་ཡུས་ཀྱིས་པར་བརྒྱབ།
འདི་ནི་ཀྲུང་གོ་འགྲིམ་འགྲུལ་ཅུས་དང་པོའི་ཕྱི་རྒྱལ་གྱི་གླ་པས་པོའོ་ལའེ་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་བབས་ཚུགས་གསར་པར་ཨར་ལས་ཀྱི་རྩད་ཞིབ་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཧོང་ཕེ་ཀྲའོ་ཡིས་པར་བརྒྱབ།
འདི་ནི་པོའོ་ལའེ་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་བབས་ཚུགས་གསར་པ་ཡིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཧོང་ཕེ་ཀྲའོ་ཡིས་པར་བརྒྱབ།
འདི་ནི་མཁའ་དབྱིངས་ནས་པར་བརྒྱབ་པའི་ཞེ་ཀེར་སྤྱི་གླིང་གི་མཛའ་གྲོགས་ཐང་ཆེན་ཡིན་པ། ཨ་ཝོ་ཁེ·ཧྥེ་ཁའེ་ཏེས་པར་བརྒྱབ།
ཉིན་ཤས་གོང་། མི་དམངས་ཉིན་རེའི་ཚགས་པར་དང་ཨེ་ཙེ་ཨོ་ཕི་ཡའི་སྨྱན་སྦྱོར་གྱི“དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་དེ་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ས་ཨེ་ཏི་སི་ཨ་པ་པ་རུ་གྲུབ་འབྲས་ཐོབ་པའི་ངང་བྱས་ཤིང་། དེ་ནི་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་ཨེ་ཙེ་ཨོ་ཕི་ཡར“དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་བྱེད་ཐེངས་དང་པོ་ཡིན་པ་རེད།
མཉམ་འབྲེལ་བཅར་འདྲི་བྱེད་རིང་། མི་དམངས་ཉིན་རེའི་ཚགས་པར་དང་། 《ཨེ་ཙེ་ཨོ་ཕི་ཡའི་སྔོན་བྱོན་པའི་ཚགས་པར》 《ལྟ་ཞིབ་ཚགས་པར》 ཨེ་ཙེ་ཨོ་ཕི་ཡའི་གསར་འགྱུར་ཁང་། ཨེ་ཙེ་ཨོ་ཕི་ཡའི་Yaབརྙན་འཕྲིན་ལས་ཁུངས་སོགས་སྨྱན་སྦྱོར་གྱི་གསར་འགོད་པས་འཛུགས་སྐྲུན་བྱེད་བཞིན་པའི་ཨེ་ཙེ་ཨོ་ཕི་ཡའི་མཁའ་འགྲུལ་ཀུང་སིའི་སྤྱི་ཁྱབ་པུའུ་ཡི་ཐོག་བརྩེགས་ཁང་ཆེན་དང་། པོའོ་ལའེ་རྒྱལ་སྤྱིའི་གནམ་ཐང་གི་གནམ་ཐང་བབས་ཚུགས་གསར་པ་དང་ཞེ་ཀེར་སྤྱི་གླིང་གི་མཛའ་གྲོགས་ཐང་ཆེན། ཨེ་ཙེ་ཨོ་ཕི་ཡའི་ལུའུ་པན་བཟོ་ཁང་སོགས་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་མཉམ་ལས་རྣམ་གྲངས་ལ་བཅར་འདྲི་བྱས་པ་རེད། རྒྱལ་ཁབ་གཉིས་པོའི་གསར་འགོད་པས་སྣ་མང་ཕུན་སུམ་ཚོགས་པའི་འཕྲིན་སྤེལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་པོས་སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པའི་གྲུབ་འབྲས་གཏིང་ཟབ་མངོན་པར་བྱས་པ་རེད།