དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • དཀར་ཆུའི་ཐོན་རྫས་ཁེ་ལས་ཀྱིས་ཀྲུང་གོའི་དར་མའི་ཁྲོམ་རར་ཐོན་རྫས་འདོན་ཤུགས་ཆེ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-01

    འདི་ནི་ཡུལ་སྐོར་བས་ནང་སོག་རང་སྐྱོང་ལྗོངས་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཐུའུ་མོ་ཐེ་ཙུའོ་ཆིའི་དབྱི་ལི་དེང་རབས་རིག་ལྡན་བདེ་ཐང་ཀུའུ་གོ་ལ་ཧྲིལ་པོའི་རིག་ནུས་བཟོ་སྐྲུན་ཐོན་ལས་གླིང་གི་གཏན་འཁེལ་ཚོང་ཁང་དུ་ལྟ་སྐོར་བྱེད་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ་པེ་ཧོ་ཡིས་པར་བླངས།

    གོ་ལ་ཧྲིལ་པོའི་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་ཚོང་པས་ཀྲུང་གོའི་དར་མའི་ཁྲོམ་རར་དམིགས་བཞིན་ཡོད་ཅིང་། དེ་ཡང་དུས་ཡུན་རིང་པོའི་ནང་ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་དཀར་ཆུའི་ཁྲོམ་ར་ཆེ་ཤོས་ཀྱི་གྲས་ཤིག་ཡིན། ད་ཕན་ལོ་ཤས་རིང་འགྲན་རྩོད་ཛ་དྲག་ཆེ་བའི་དབང་གིས་དཀར་ཆུའི་ཐོན་རྫས་ཁེ་ལས་ཀྱིས་དཔལ་འབྱོར་འཕར་བའི་ཁྱབ་ཁོངས་གསར་པ་འཚོལ་དགོས་བྱུང་བ་དང་ཁོང་ཚོས་ཀྲུང་གོར་ཡོད་པའི་ལས་སྒོའི་གཙོ་གནད་དེ་ཕྲུ་གུ་དམར་འབྱར་དང་བྱིས་པ་ནས་དར་མའི་ཕྱོགས་སུ་སྒྱུར་བཞིན་ཡོད་པ་རེད།

    སྤྱི་ཁྱབ་པུའུ་ནེའུ་ཙི་ལན་དུ་གནས་པའི་A2འོ་མ་ཀུང་སིས་ཉེ་ཆར་ཀྲུང་གོའི་དར་མ་དང་རྒན་རྒོན་མི་འབོར་ལ་དམིགས་པའི་འོ་རྩམ་གསར་པ་བཏོན་པ་རེད། དེ་གོང་ཏ་ནེང་དང་། ཡ་ཕེ། ཆུའེ་ཁྲའོ་སོགས་ཀུང་སི་དང་དེ་བཞིན་དབྱི་ལི་དང་ཧྥེ་ཧོ་སོགས་ཀྲུང་གོའི་རྒྱལ་ནང་གི་སྤུས་རྟགས་ཚང་མས་དེ་དང་འདྲ་བའི་ཐོན་རྫས་བཏོན་ཡོད་པ་རེད།

    ཨིར་ལན་བཟའ་བཅའ་ཅུས་ཀྲུང་གོའི་ཁུལ་གྱི་ཅིང་ལི་ཁང་ན·ཨའོ་ཧྲ་ལི་ཝུན་གྱིས“མིག་སྔར་མི་རྣམས་ཀྱིས་རྒན་རྒོན་གྱི་འཚོ་བཅུད་དང་དེ་བཞིན་དཀར་ཆུའི་ཐོན་རྫས་ཀྱི་གྲུབ་ཆ་གཞན་དག་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། དེས་ན། ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་དཀར་ཆུའི་ཐོན་རྫས་འཛད་སྤྱོད་བྱེད་པའི་གོ་སྐབས་གསར་པ་བྱུང་ཡོད”ཅེས་བརྗོད།

    A2འོ་མ་ཀུང་སིས་འཛད་སྤྱོད་རྒན་རྒོན་ལ་དམིགས་པའི་ཐོན་རྫས་གསར་པས་ནད་འགོག་མ་ལག་དང་། རུས་པ། རུས་ཚིགས། ཤ་གནད་བཅས་བདེ་ཐང་ཡོང་བར་ཕན་ཐོགས་ཡོད་པ་དང་། ཧྥེ་ཧོ་ཡི་རྒན་རྒོན་ཚོགས་སྤྱིར་དམིགས་ནས་བཟོས་པའི་ཐོན་རྫས་ལ་སྦྱོར་རྟ་སྣ་ཚོགས་བྱས་པ་དེའི་ནང་སྦྱོར་རྟ་བྱས་པ་ཁག་གཅིག་གིས་ཁྲག་མངར་ཚོད་འཛིན་བྱ་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད་ཀྱི་ཡོད་པ་རེད།

    —— དབྱིན་ཇིའི《དངུལ་རྩའི་སྐབས་དོན་ཚགས་པར》གྱི་དྲ་ཚུགས་སུ་སྤེལ་བའི་གནས་ཚུལ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།