དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཀན་ལྷོ་ཐེ་བོ་རྫོང་དུ།

    ཐོན་ལས་དར་ཞིང་རྒྱས། དམངས་ལ་འབབ་འཕར་བཟང་།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  ཚུའེ་ཧན་ཁྲའོ་དང་ལི་ཙི་ཤའོ།   |     སྤེལ་དུས།  2024-09-01

    ཐེ་བོ་རྫོང་དུ་སླེབས་སྐབས་ཚང་མས་ཉིན་ངོ་ཤང་གི་ཡུལ་ལྗོངས་མཛེས་ལ་ཁྱད་ལྡན་ཞིམ་ཟས་ཀྱང་ཡོད་ཅེས་ཤོད་ཀྱི་ཡོད།

    “ཐོན་ལས་རྟེན་གཞི་གཉིས་ལས་གཅིག་ཏུ་བཟའ་བྱའི་ཤ་མོ་ཐོན་སྐྱེད་བྱེད་པ་དང་གཅིག་ཤོས་དེར་བོད་ཕག་གསོ་ཚགས་བྱེད་ཅིང་། དེ་གཉིས་ཀ་ང་ཚོ་ཐེ་བོ་རྫོང་གི་ཞིམ་ཟས་རེད”ཅེས་ཉིན་ངོ་ཤང་གི་སྒྲིག་འཛུགས་མི་སྣ་དབྱང་ཧའེ་ཧྲེང་གིས་ངོ་སྤྲོད་བྱས། ཉིན་ངོ་ཤང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཐེ་བོ་རྫོང་གི་དབུས་སུ་གནས་པ་དང་། རི་ཀླུང་མཛེས་ལ་ཉི་འོད་འཕྲོ་ཡུན་རིང་བ་དང་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད།

    “ང་ཚོས་གཙོ་བོ་མོག་རོ་ནག་པོ་དང་མོག་རོ་དཀར་པོ་སོགས་བཟའ་བྱའི་ཤ་མོ་ཐོན་སྐྱེད་བྱེད་ཀྱི་ཡོད། ཐེ་བོ་རྫོང་གི་ས་བབ་མཐོ་བ་དང་། བཞའ་ཚན་ཆེ་བ། ཉི་འོད་འཕྲོ་ཡུན་རིང་བ་བཅས་ཡོད་པས་བཟའ་བྱའི་ཤ་མོའི་ཐོན་ལས་འཕེལ་རྒྱས་གཏོང་བར་ཧ་ཅང་འཚམ་པོ་ཡོད”ཅེས་ཐེ་བོ་རྫོང་ཐེའར་བཟའ་བྱའི་ཤ་མོ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་བཟོ་སྐྲུན་ཆེ་མོ་བ་དབྱང་ཧྥེང་པིན་གྱིས་བཤད།

    ནགས་ཚལ་སྟུག་ལ་གདོད་མའི་རྣམ་པ་ཡིན་མོད། འོན་ཀྱང་དེ་གའི་ཐོན་ལས་རིམ་བཞིན་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད། དབྱང་ཧྥེང་པིན་གྱིས། ཀུང་སིར་རང་འགུལ་ཅན་གྱི་དོ་དམ་མངོན་འགྱུར་བྱུང་ནས། དགོས་མཁོ་གཞིར་བཟུང་དྲོད་ཁང་གི་དྲོད་ཚད་དང་བཞའ་ཚན་སོགས་ཐོན་སྐྱེད་ཁོར་ཡུག་དུས་ཐོག་ཏུ་སྙོམས་སྒྲིག་བྱེད་ཆོག་གི་ཡོད། ཀུང་སིས་བཟའ་བྱའི་ཤ་མོ་ཐོན་སྐྱེད་བྱེད་ཀྱི་ཡོད་ལ་ཐུམ་སྒྲིལ་བརྒྱབ་ནས་ཤིས་ཨན་དང་ཀོང་ཀྲོའུ་སོགས་སུ་ཕྱིར་གཏོང་ཡང་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།

    ལོ་38ལ་སླེབས་པའི་ཐོན་ལས་བཟོ་པ་ལེང་མུའུ་ཚའོ་ཀུང་སིའི་ཉེ་འཁོར་དུ་སྡོད་ཀྱི་ཡོད། དེ་སྔ་ཁྱིམ་དུ་ཞིང་ལས་ཁོ་ན་བྱེད་པའི་ཁོང་ལ་ད་ཆ་ཉིན་ལྟར་རྟེན་གཞི་དེ་ནས་ཡོང་འབབ་སྒོར་120རག་གི་ཡོད་པས་ཁྱིམ་གྱི་སྒོ་ཁ་ནས་འབབ་འཕར་བྱུང་བ་མ་ཟད། ཁྱིམ་དུ་ལས་ཀ་ཡོད་སྐབས་དུས་ཐོག་ཏུ་ལྟ་རྟོག་ཐུབ་ཀྱི་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། རྟེན་གཞི་དེས་2023ལོར་མོག་རོ་ནག་པོ་ཁུག་མ་ཁྲི་320ཐོན་སྐྱེད་བྱས་པ་དང་ལོ་རེར་མོག་རོ་ནག་པོ་རྒྱ་མ་ཁྲི་14ཐོན་སྐྱེད་ཐུབ་པར་ལོ་རེར་ཐོན་རྫས་རིན་ཐང་སྒོར་ཁྲི་1060ཙམ་ཟིན་གྱི་ཡོད་པ་རེད།

    “ང་ཚོའི་བོད་ཕག་ཚང་མ་རིར་གློད་ནས་རི་སྐྱེས་རྩི་ཤིང་བཟས་ཏེ་ཆེན་པོ་ཆགས་ཀྱི་ཡོད། ཤའི་བྲོ་བ་ཡག་པོ་ཡོང་ཆེད། རྒྱ་མ་60ཙམ་ལ་གསོན་སྐབས་བཤས་གཏོང་གི་ཡོད” ཏེ་ཧྲན་ཞའོ་པ་ཅེ་ཀན་ལྷོ་གསོ་སྤེལ་དཔེ་སྟོན་རྟེན་གཞིའི་འགན་འཁུར་བ་ཀྲུའུ་པིན་གྱིས། བོད་ཕག་གི་རྒྱུད་བཟང་གསོ་སྤེལ་དང་། ལས་སྣོན། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རྣམ་པའི་དེང་རབས་ཅན་གྱི་གསོ་སྤེལ་རྟེན་གཞི་དེས་ལོ་རེར་ཕག་ཕྲུག་15000གསོ་སྤེལ་ཐུབ་པས་མི་1800ལྷག་ཙམ་གྱི་འབབ་འཕར་ལ་ཐད་ཀར་སྐུལ་ཁྲིད་ཐུབ་པ་དང་ཆབས་ཅིག ཁྲོམ་རའི་དགོས་མཁོ་དང་གནད་འཁེལ་ངང་འབྲེལ་མཐུད་བྱས་ནས་ཅང་སུའུ་དང་ཧྲང་ཧའེ་སོགས་སུ་ཆེད་ཚོང་ཁང་བཙུགས་ཡོད་ཅེས་ངོ་སྤྲོད་བྱས།

    ཉེ་བའི་ལོ་ཤས་རིང་ཐེ་བོ་རྫོང་གི་བོད་ཕག་དང་། དཔལ་འབྱོར་ཤིང་འབྲས། བཟའ་བྱའི་ཤ་མོ། ནས་ཆང་སོགས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་ནས་འབབ་འཕར་བྱུང་ཡོད། གསར་འགོད་པར་ཐེ་བོ་རྫོང་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། མིག་སྔར་ས་གནས་དེ་གར་ཁྱད་ལྡན་འདེབས་འཛུགས་དང་གསོ་སྤེལ་རྟེན་གཞི་82བསྐྲུན་པ་དང་2023ལོར་ཐེ་བོ་རྫོང་གི་སྣེ་འདྲེན་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་1.18ཟིན་ནས་ཞིང་དུད་6108ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད་པ་རེད།

    ཉི་འོད་རབ་ཏུ་འཕྲོ་ཞིང་། ཐོན་ལས་འཕེལ་རྒྱས་ཀྱི“ཉི་འོད”ཀྱང་སྔོ་ལྗང་རི་ཀླུང་ཁུལ་དེར་རབ་ཏུ་འཕྲོ་བཞིན་མཆིས།

    (ཤིན་ཧྭ་གསར་འགྱུར་ཁང་ལན་ཀྲོའུ་ནས་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།