དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མེ་འཁོར་ལ་བསྡད་ནས་ནུབ་བྱང་ས་ཁུལ་ དུ་ཡུལ་སྐོར་ལ་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-09-01

    གཡུ་མཚོ་སྔོན་མོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་ཚྭ་འདམ་ཆེ་བའི་ས་ཁུལ་དུ་གནས་ཡོད་ལ། དེ་ནི་སྔོན་ཆད་མཚོ་འགྲམ་གྱི་འདམ་ར་ཞིག་རེད། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་བདུན་བཅུའི་ནང་། བཟོ་པ་ཚོས་ཚྭ་འདམ་ཆེ་བའི་ས་ཁུལ་དུ་ཡོང་ནས་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་དང་མཚོ་འོག་གི་གཏེར་འདུས་ས་རིམ་སྔོག་འདོན་བྱས་པས་རིམ་བཞིན་ཆུ་དོང་མང་པོ་ཆགས་ཤིང་། ཆུ་དོང་དེ་དག་གི་ཆེ་ཆུང་དང་གཏིང་ཚད། དེ་བཞིན་ཆུ་དོང་ནང་གི་གཏེར་རྒྱུ་འདུས་ཚད་མི་འདྲ་བའི་དབང་གིས་ད་ལྟའི་ངོ་མཚར་ཆེ་ལ་ཁ་དོག་རྣམ་པར་བཀྲ་བའི་མཚོ་མོ་འདི་དག་གྲུབ་ཡོད།

    ཉེ་བའི་ལོ་ཤས་རིང་། མཚོ་སྔོན་དང་ཀན་སུའུ་སོགས་ནུབ་བྱང་ས་ཁུལ་གྱི་ཡུལ་སྐོར་སྒྲིག་བཀོད་རྒྱུན་ཆད་མེད་པར་གསར་སྤེལ་དང་འཐུས་ཚང་དུ་ཕྱིན་པར་བརྟེན། ཡུལ་སྐོར་བ་དེ་བས་མང་བ་ནུབ་བྱང་ས་ཁུལ་དུ་ཡུལ་སྐོར་ལ་སྐྱོད་ཀྱི་ཡོད། ཀན་སུའུ་དང་མཚོ་སྔོན་གྱི་སྐོར་ལམ་ཆེན་པོ་སོགས་ནུབ་བྱང་སྐོར་ལམ་ཡུལ་སྐོར་གྱི་ནང་དོན་ལ་འབྲེལ་ལམ་སྨྱན་སྦྱོར་ལས་སྟེགས་ཐོག་རྟག་པར་དོ་ཁུར་བྱེད་མཁན་མང་ཤོས་རེད། ལུས་ཤུགས་དང་དུས་ཚོད་ཟད་གྲོན་ཆེ་བའི་འཁོར་གཏོང་ཡུལ་སྐོར་དང་བསྡུར་ན་དུས་ཚོད་དང་ལུས་ཤུགས་གྲོན་ཆུང་ཐུབ་པའི་ནུབ་བྱང་ལྕགས་ལམ་ཡུལ་སྐོར་ལ་ཡུལ་སྐོར་བ་ཚོའི་དགའ་བསུ་ཐོབ་ཡོད། “ནུབ་བྱང་གི་མཛེས་ལྗོངས་ལ་སྔ་ས་ནས་ལྟ་འདོད་ཡོད། ད་ཆ་མེ་འཁོར་ལ་བསྡད་ནས་ལྟ་ཐུབ”ཅེས་པེ་ཅིང་གི་ཡུལ་སྐོར་བ་སྐུ་ཞབས་ཀྲང་ལགས་ཀྱིས་བཤད།

    “ཁྱེད་རང་ཕེབས་པར་དགའ་བསུ་ཞུ”ཞེས་ལས་དོན་པས་མེ་འཁོར་ནང་འཛུལ་གྲབས་ཡོད་པའི་ཡུལ་སྐོར་བར་ཁ་བཏགས་གཡོགས་པ་དང་། “དར་ལམ་ཕུགས་འདུན་རྟགས་ཅན”ཞེས་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་འདི་ད་ལོའི་ཟླ་དྲུག་པའི་ཟླ་མཇུག་ནས་ཤར་གཏོང་བྱས་ཚུན་གཏོང་ཐེངས་རེར་འགྲུལ་པས་ཁེངས་ཡོད་པ་དང་། ཆེད་གཏོང་མེ་འཁོར་འདི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནས་ཐོན་ཏེ་གནའ་བོའི་དར་གོས་ལམ་བུའི་མཚོ་སྔོན་ལམ་དུམ་གྱི་ཁ་ཕྱོགས་སུ་ཁྱོན་ཉིན་5དང་མཚན་4བསྐྱོད་དེ་ངོ་མཚར་ཆེ་བའི་གནའ་དགོན་སྐུ་འབུམ་བྱམས་པ་གླིང་བརྒྱུད་དེ་མཚོ་སྔོན་པོ་དང་འཇང་གི་ཚྭ་མཚོ་དཀར་མོ་སོགས་ས་མཐོའི་ཡིད་དུ་འོང་བའི་མཛེས་ལྗོངས་རེ་རེ་བཞིན་ལ་མྱོང་རོལ་བྱས་མཐར་ཏུན་ཧོང་མོ་ཀའོ་བྲག་ཕུག་ཏུ་སླེབས་ཀྱི་ཡོད་པ་རེད།

    “དར་ལམ་ཕུགས་འདུན་རྟགས་ཅན”གྱི་ལྗོངས་གཟིགས་འཁོར་སྒྲོམ་ནས་མཐོང་ཐུབ་པའི་རྩྭ་ཐང་དང་། གྲམ་ཐང་། རི་མཐོན་པོ། བྱེ་ཐང་སོགས་མཚོ་བོད་ས་མཐོའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་ལྷོ་རྒྱུད་ནས་ཡོང་བའི་ཡུལ་སྐོར་བ་མི་ཉུང་བས་བསྔགས་བརྗོད་ཚད་མེད་བྱེད་ཀྱི་ཡོད།

    མིག་སྔར་ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་ད་དུང་ཝུའུ་ལུའུ་མུའུ་ཆི་དང་། ལྷ་ས། ཧྲང་ཧའེ། གཡན་ཐའེ་སོགས་སུ་ཡུལ་སྐོར་མེ་འཁོར་དཀྱུས་མ་ཐེངས་20ལྷག་ཙམ་བཏང་ནས་ལམ་ཐིག་རྒྱལ་ཡོངས་གང་སར་ཁྱབ་ཡོད་པ་རེད།

    “མཁའ་ལམ་གྱི་སྐལ་བཟང་མེ་ཏོག གངས་ལྗོངས་ཀྱི་སྤོབས་པ་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་ནི་མཚོ་སྔོན་གྱི་མེ་འཁོར་གྲགས་ཅན་ཞིག་རེད། 2023ལོའི་ལོ་སྨད་དུ་ཤར་གཏོང་བྱས་པའི་ཡུལ་སྐོར་ཆེད་གཏོང་མེ་འཁོར་དེ་མཚོ་བོད་ལྕགས་ལམ་དང་ཏུན་ཧོང་ལྕགས་ལམ་བརྒྱུད་ཟི་ལིང་དང་གོར་མོ་ནས་ཏུན་ཧོང་བར་དང་དེ་ནས་ལྷ་ས་དང་། ཉིང་ཁྲི། གཞིས་རྩེ་བཅས་སུ་བསྐྱོད་དེ་མཚོ་སྔོན་དང་། ཀན་སུའུ། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་བརྒྱུད་ཀྱི་ཡོད་ལ་ལམ་བར་ནས་ངོ་མཚར་ཆེ་བའི་ཁུ་ཁུ་ཤིས་རི་ཡང་མཐོང་ཐུབ། མེ་འཁོར་གྱི་སྒེའུ་ཁུང་ཕྱི་རོལ་དུ་བལྟས་ན་ཁ་བས་བཀླུབས་པའི་རི་རྩེ་དང་། སྔོ་ཞིང་དྭངས་པའི་མཚོ་མོ། མུ་མཐའ་མེད་པའི་རྩྭ་ཐང་སོགས་མཐོང་ཐུབ།

    “མེ་འཁོར་འགྲུལ་བཞུད”ལ་དགའ་བའི་ན་གཞོན་ཡུལ་སྐོར་བ་ཞིག་གིས། མེ་འཁོར་ནང་བསྡད་ནས་སྒེའུ་ཁུང་ཕྱི་རོལ་གྱི་ལྟ་ན་སྡུག་པའི་མཛེས་ལྗོངས་མྱོང་རོལ་བྱེད་པ་ནི་བསམ་པའི་འགྲུལ་བཞུད་ཅིག་ཀྱང་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།