ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་དགོས་མཁོ་དངོས་དང་ཟུང་འབྲེལ་གྱིས་ཤེས་ལྡན་པ་སྣ་ཚོགས་གསོ་སྦྱོང་བྱས་ནས།
ས་ཁུལ་དང་རྒྱལ་ཁབ་ཀྱི་རང་བརྟེན་འཕེལ་རྒྱས་ནུས་པ་ཆེ་རུ་བཏང་ནས་ཨ་ཧྥེ་རི་ཁའི་མི་འབོར་གྱི་ཁེ་སྤོགས་རྒྱུན་མཐུད་ཐོན་པར་སྐུལ་འདེད་བཏང་བ།
འདི་ནི་ཀྲུང་གོའི་ཁེ་ལས་དང་ཁེན་ནི་ཡའི་སློབ་གསོ་པུས་མཉམ་འབྲེལ་ཐོག་གཉེར་བའི་ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་འགྲན་སློང་འགྲན་བསྡུར་སྐབས་བརྒྱད་པའི་ཐོག་ཝུ་ཀན་ཏའི་སློབ་མས་བཀོལ་སྤྱོད་འགྲན་བསྡུར་བྱེད་བཞིན་པ། ཀྲང་ཡུང་གིས་པར་བརྒྱབ།
འདི་ནི་ཨེ་ཙེ་ཨོ་ཕི་ཡའི་ལུའུ་པན་བཟོ་ཁང་དུ་ས་གནས་དེ་གའི་སློབ་མས་འཕྲུལ་མི་བཀོལ་སྤྱོད་བྱེད་སྟངས་སྦྱོང་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཧྲེན་ཞའོ་ཞའོ་ཡིས་པར་བརྒྱབ།
འདི་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི“ལྗང་མདོག་ལྕགས་རི་རིང་པོ”འཛུགས་སྐྲུན་གྱི་ཆེད་དོན་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་ཞུགས་མཁན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གི་སློབ་མས་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་ཡུས་དབྱང་ཆུས་སུ་གནས་པའི་ཞའོ་ཧའོ་ཐུའུ་འོད་ཤུགས་རྣམ་གྲངས་བསྐྲུན་ཡུལ་དུ་འོད་ཤུགས་བྱེ་བཅོས་ཉམས་མྱོང་ལྟ་སྦྱོང་དང་ཤེས་རྟོགས་བྱེད་བཞིན་པ། འདི་ག་ཚགས་པར་གྱི་གསར་འགོད་པ་ཀྲོའུ་ཀྲོའུ་ཡིས་པར་བརྒྱབ།
2019ལོའི་ཟླ་3པར་ཨ་ཧྥེ་རི་ཁའི་ལུའུ་པན་བཟོ་ཁང་ཐོག་མ་དེ་ཅི་པོའུ་ཐིར་དངོས་སུ་སྒོ་ཕྱེ་བ་དང་ཨའེ་ཁྲ་ལྕགས་ལམ་ཆེད་ལས་ཀྱི་སློབ་མ་ཁག་དང་པོ་24ཡི་གྲས་ལ་གྱུར་ཡོད། “ང་ཚོས་ཐོབ་པར་དཀའ་བའི་སློབ་སྦྱོང་གི་གོ་སྐབས་དེར་གཅེས་སྤྲས་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ལུའུ་པན་བཟོ་ཁང་དུ་ཕུལ་བྱུང་དགེ་རྒན་གྱི་སྟོབས་ཤུགས་དང་སྔོན་ཐོན་གྱི་སློབ་ཁྲིད་སྒྲིག་ཆས་ཡོད་པའི་ཁར་སློབ་གྲྭའི་ཕྱི་རོལ་གྱི་དངོས་སྦྱོང་རྟེན་གཞིར་སྦྱོང་བརྡར་བྱེད་པར་བརྟེན་གཞོན་ནུ་མང་པོ་ཞིག་ང་དང་འདྲ་བར་འབྲེལ་ཡོད་རྩལ་ནུས་མགྱོགས་མྱུར་ཁོང་དུ་ཆུད་དེ་ཨེ་ཤེ་ཡ་དང་ཅི་པོའུ་ཐིའི་ལྕགས་ལམ་གྱི་ལས་དོན་མི་སྣར་གྱུར་ནས་ཅི་པོའུ་ཐིའི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད”ཅེས་ལོ་23ལ་སླེབས་པའི་ཅི་པོའུ་ཐིའི་གཞོན་ནུ་ཨའེ་ཁྲ་ཡིས་བཤད།
སྔོན་ལ་གསོ་སྦྱོང་དང་རྗེས་སུ་འགྲན་བསྡུར་བྱས་ཤིང་། ཀྲུང་གོ་མཁའ་འགྲུལ་རྒྱལ་སྤྱི་དང་ཁེན་ནི་ཡའི་སློབ་གསོ་པུའུ་ཡིས་མཉམ་འབྲེལ་ཐོག་ཨ་ཧྥེ་རི་ཁའི་ལས་རིགས་རྩལ་ནུས་འགྲན་སློང་འགྲན་བསྡུར་སྐབས་བརྒྱད་བསྟུད་མར་གཉེར་བ་དང་ཁེན་ནི་ཡ་དང་། ཨེ་ཅིབ། ཝུ་ཀན་ཏ། ཀག་ན་སོགས་རྒྱལ་ཁབ་10ཡི་སློབ་ཆེན་དང་འབྲིང་རིམ་ཆེད་ལས་སློབ་གླིང་300ལྷག་ཙམ་གྱི་བདམས་ཐོན་པ་1300ཙམ་དེའི་ནང་ཞུགས་པ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་རིགས་སློབ་གསོའི་མནའ་འབྲེལ་གྱིས་ཐན་ཙན་ནི་ཡ་དང་། སེ་ཧྲེར། རུ་ཝང་ཏ། ཨེ་ཙེ་ཨོ་ཕི་ཡ་སོགས་རྒྱལ་ཁབ་དང་མཉམ་ལས་བྱས་ཏེ་རྒྱལ་དམངས་དཔལ་འབྱོར་གྱི་གཙོ་གནད་ལས་རིགས་ཀྱི་ལས་གནས་ཚད་གཞི་དང་ཆེད་ལས་སློབ་ཁྲིད་ཚད་གཞི་བཟོ་བཅོས་ཀྱིས་གསར་སྤེལ་བྱས་པ། ཙན་པི་ཡར་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཞ་ཁའེ་ཧྥུའུ་ཞ་ཆུ་ཤུགས་གློག་ཁང་རྣམ་གྲངས་ཀྱིས་ཀྲུང་གོ་ཆུ་གློག་གསོ་སྦྱོང་སློབ་གླིང་བཙུགས་ནས་ཙན་པི་ཡའི་གཞོན་ནུ་300ལྷག་ཙམ་གྱི་ལས་དབང་ལ་འགྱུར་ལྡོག་བཏང་བ་སོགས་བྱས་ཡོད།
2023ལོའི་ཟླ་8པར་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་ཚོགས་འདུའི་ཐོག“ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ཤེས་ལྡན་པ་གསོ་སྐྱོང་མཉམ་ལས་འཆར་གཞི”ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ནས་ལོ་ལྟར་ཨ་ཧྥེ་རི་ཁར་ལས་རིགས་སློབ་གླིང་གི་སློབ་སྤྱི་དང་རྐང་འཛིན་དགེ་རྒན་500གསོ་སྦྱོང་བྱ་རྒྱུ་དང་རྒྱ་ཡིག་ཤེས་ལ་ལས་རིགས་རྩལ་ནུས་ལྡན་པའི”ཤེས་རྩལ་འཛོམས་པའི་མི་ཁྲི་1གསོ་སྦྱོང་བྱ་རྒྱུའི་འཆར་གཞི་བཀོད་པ་རེད།
ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དངོས་སྒྲུབ་མཉམ་ལས་ཀྱི“ལས་གྲྭ་ཁག་དགུ”བརྒྱུད་ཀྲུང་གོས་མ་ལ་ཝེ་དང་། པུ་རུན་ཏི། ཁོ་ཐེ་ཏི་ཝོར་བཅས་ལ་ཞིང་ལས་ལག་རྩལ་ཐད་ཀྱི་རོགས་སྐྱོར་བྱེད་པ་སོགས་དབུལ་པོ་ཉུང་གཏོང་དང་ཞིང་ལས་རྣམ་གྲངས་47ལག་བསྟར་དང་། ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི་ཞིང་ལས་ལག་རྩལ་དཔེ་སྟོན་ལྟེ་གནས་24ཡི་ནུས་པ་གང་ལེགས་བཏོན་པ། ཞིང་ལས་རིགས་གཅིག་མཁས་ཅན་མི་ཐེངས་500ལྷག་ཙམ་མངགས་པ། ཞིང་ལས་ཤེས་ལྡན་པ་མི་ཐེངས་9000ཙམ་གསོ་སྦྱོང་བྱས་ནས་ཨ་ཧྥེ་རི་ཁའི་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་ནུས་ལྡན་བྱས་ཡོད།
འདི་ལོ་ཚུན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་དགོས་མཁོར་དམིགས་ནས་བརྗོད་དོན་གཙོ་བོའི་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭ་མང་པོ་གཉེར་ཡོད་ཅིང་། འདི་ལོའི་ཟླ་4པར་མཉམ་འབྲེལ་རྒྱལ་ཚོགས་ཨ་ཧྥེ་རི་ཁ་དཔལ་འབྱོར་ཨུ་ཡོན་ལྷན་ཁང་ཨ་ཧྥེ་རི་ཁ་ཤར་མའི་ས་ཁོངས་གཞུང་ལས་ཁང་གི་རྣམ་གྲངས་དོ་དམ་དཔོན་ཀེ་ལའེ་ཐི་ཨེན·ཁཱ་ས་པ་ཀྲུང་གོར་ཡོང་སྟེ་ཨ་ཧྥེ་རི་ཁ་རྒྱལ་ཁབ་ཀྱི“ལྗང་མདོག་ལྕགས་རི་རིང་པོ”འཛུགས་སྐྲུན་གྱི་ཆེད་དོན་ཞིབ་འཇུག་ཟབ་སྦྱོང་འཛིན་གྲྭར་ཞུགས་ནས་བགྲོ་གླེང་སློབ་ཚན་དང་ས་གནས་ས་ཐོག་ཏུ་བཅར་འདྲི་བྱེད་རིང་གྲུབ་འབྲས་མང་པོ་ཐོབ་ཡོད། ཁོང་གིས“ཀྲུང་གོར་ཞིབ་འཇུག་ཟབ་སྦྱོང་བྱེད་རིང་ངར་ཕན་པ་ཆེན་པོ་ཐོབ་བྱུང” “ཀྲུང་གོས་ཡུལ་བབ་དང་བསྟུན་ནས་རྩྭ་སྐོར་བྱེ་འཇགས་དང་། གནམ་བཤོས་བྱེ་བཅོས། འོད་ཤུགས་བྱེ་བཅོས་སོགས་ཐང་རྒོད་ཅན་བཅོས་སྐྱོང་ཇུས་གཞི་འཚོལ་ཞིབ་བྱས་པ་དང་དུས་མཚུངས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་ས་གནས་དེ་གའི་གྲོང་མི་ཕྱུག་པོ་ཆགས་རྒྱུར་སྐུལ་ཁྲིད་བྱས་པའི་ཉམས་མྱོང་དེ་དག་སློབ་སྦྱོང་དང་དཔྱད་གཞིར་འཛིན་རིན་ཡོད་པ་ཞིག་རེད། ངས་ནང་དོན་ཞིབ་ཕྲ་ཞིབ་འཇུག་བྱས་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོས་འབྲེལ་ཡོད་ཁྱབ་ཁོངས་ནང་མཉམ་ལས་དེ་བས་མང་བ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་བཤད།